མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དབྱིན་ཡུང་གིས་ཆེས་མཐོ་ཞིབ་དཔྱོད་ཁང་གི་རྟོག་ཞིབ་ཚན་ཆུང་ཁྲིད་ནས་མཚོ་སྔོན་དུ་རྟོག་ཞིབ་བྱས་པ།

  2023-10-16 08:51:57 

ཟླ10པའི་ཚེས11ཉིན་ནས12ཉིན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་དབྱིན་ཡུང་གིས་ཆེས་མཐོ་ཞིབ་དཔྱོད་ཁང་གི་རྟོག་ཞིབ་ཚན་ཆུང་ཁྲིད་ནས་མཚོ་སྔོན་དུ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནམ་ཡང་ཁྲིད་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་གི་ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པའི་ཆགས་སྟངས་གསར་པར་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁྲིམས་ལུགས་ལྟ་སྐུལ་དང་འགན་སྒྲུབ་བྱས་ཏེ། ཕན་འབྲས་མཐོ་བའི་ཞིབ་བཤེར་འགན་སྒྲུབ་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་བཤེར་ལག་ལེན་ལ་འབད་འབུངས་ལྷོད་མེད་བྱེད་དགོས།

རྟོག་ཞིབ་ཚན་ཆུང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་གསར་དུ་ཐོན་ནས་ཞིབ་བཤེར་ལས་ཁུངས་ཀྱིས་གྲོང་གསེབ་དར་སྤེལ་བྱ་བར་ཞབས་ཞུ་སྒྲུབ་པའི་བྱ་བར་རྟོག་ཞིབ་བྱས། དབྱིན་ཡུང་གིས་བསྟན་དོན། གཞི་རིམ་ནས་བྱ་བར་ཞིབ་བཤེར་བྱེད་ན་ཁྲིམས་སྐྱོང་གྲོང་སྡེ་འཛུགས་སྐྲུན་གྱི་མགོ་འཛུགས་ས་དང་ཤུགས་འདོན་ས་ཡང་དག་པར་བཙལ་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཟི་ལིང་གྲོང་ཁྱེར་མཁའ་དབུས་ཁུལ་ཞིབ་དཔྱོད་ཁང་དུ་རྟོག་ཞིབ་ཚན་ཆུང་གིས་སྤྱི་ཚོགས་བཅོས་སྐྱོང་གི་ཞིབ་བཤེར་བསམ་འཆར་དང་རིག་དངོས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་གཏུག་བཤེར་བྱེད་པ་སོགས་ཀྱི་བྱ་བར་རྒྱུས་ལོན་གཏིང་ཟབ་བྱས། དབྱིན་ཡོང་གིས་ནན་གྱིས་བསྟན་དོན། ནར་མ་སོན་པའི་མིའི་ཞིབ་བཤེར་གཏིང་ཟབ་ཏུ་སྤེལ་ནས་ཁྲིམས་ལུགས་ཀྱི་ལྟ་སྐུལ་འོག་སྲུང་སྐྱོབ་བྱེད་པ་དྲུག་དང་མཉམ་འདྲེས་ཀྱིས་ཤུགས་འདོན་དགོས། ཁ་གཏན་རོགས་སྐྱོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཁ་གཏད་མཛུབ་སྟོན་གྱི་ཁ་གཏད་རང་བཞིན་དང་ཡུན་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་རིག་དངོས་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་གཏུག་བཤེར་ལ་ཤུགས་བསྣན་ནས་ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས།

མཚོ་སྔོན་པོའི་གསེར་ཉ་རོགས་སྐྱོབ་ལྟེ་གནས་སུ་འབྲེལ་ཡོད་བྱ་བ་དང་དཔེ་གཞི་ཡར་ཞུ་བྱས་པར་ཉན་རྗེས། དབྱིན་ཡུང་གིས་བསྟན་དོན། མཚོ་སྔོན་ཞིབ་བཤེར་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་པ་དང་རང་འགུལ་གྱིས་ལག་ལེན་བྱས་པ་རེད་ལ། ཞིབ་བཤེར་འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མཚོ་སྔོན་གྱི་སྔོ་ལྗང་གི་རི་ཆུ་དང་གཡའ་དག་པའི་ཨ་སྔོན་ཡངས་པོ་བརྟན་སྲུང་བྱེད་དགོས། ཞིབ་བཤེར་འགན་ནུས་དང་ཟུང་འབྲེལ་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་འཛུགས་སྐྲུན་ཁྲོད་ཞིབ་བཤེར་ནུས་པ་འདོན་སྤེལ་བྱེད་དགོས།

རྟོག་ཞིབ་ཚན་ཆུང་གིས་མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་དུ་གཙོ་བོར་མྱུར་ཞིབ་ལྟ་སྐུལ་དང་མཐུན་སྦྱོར་གཞོག་འདེགས། དམངས་དོན་རྒྱབ་སྐྱོར་དང་གཏུག་བཤེར་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། དབྱིན་ཡོང་གིས་བསྟན་དོན། བྱ་བའི་གཙོ་གནད་སྤྱི་བདེ་ལས་ཁུངས་ཀྱི་མྱུར་ཞིབ་བྱ་འགུལ་ལ་ཤུགས་སྣོན་པ་དང་ལྷག་པར་གྱོད་གཞི་འགོད་པའི་བྱ་འགུལ་གྱི་ལྟ་སྐུལ་སྟེང་བཞག་ནས་ཁྲིམས་འཛིན་གྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དུ་རྟོག་ཞིབ་ཚན་ཆུང་གིས་ཞིབ་བཤེར་དང་འབྲེལ་བའི་འཕྲིན་བཅར་འགལ་བ་སེལ་བ་དང་ཨང་ཀིའི་ཞིབ་བཤེར། དཔེ་གཞིའི་དོ་དམ་སོགས་བྱ་བར་རྟོག་ཞིབ་བྱས། དབྱིན་ཡུང་གིས་བསྟན་དོན། ཁྲིམས་ཤུགས་ལྟ་སྐུལ་ནུས་པ་དང་ཆུ་ཚད་མུ་མཐུད་མཐོར་འདེགས་གཏོང་བ་དང་ཕན་འབྲས་མཐོ་བའི་ལྟ་སྐུལ་འཛུབ་སྟོན་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ནམ་ཡང་རང་གི་ཉེ་གམ་དུ་ཡོད་པ་ཚོར་བར་བྱེད་དགོས། ཨང་ཀིའི་ཞིབ་བཤེར་གྱི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་ཞིབ་བཤེར་ཆེན་མོ་བཞི་ལ་ཕྱོགས་ནས་ཤུགས་སྣོན་དགོས། ཞིབ་བཤེར་ལས་དོན་གྱི་གཅིག་གྱུར་དོ་དམ་ཇེ་བཟང་དུ་གཏོང་བ་དང་ཚད་གཞིའི་སྒྲིག་གཞི་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས་ཞིབ་བཤེར་མི་སྣས་གྱོད་གཞི་བསྒྲུབ་པའི་ཕན་འབྲས་སྟེང་ཤུགས་འདོན་དགོས། བརྗོད་དོན་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཕྱོགས་ཡོངས་ནས་ཞིབ་དཔྱོད་དཔུང་སྡེ་བཅོས་སྐྱོང་ནན་མོ་བྱས་ཏེ། བློ་དཀར་གཞུང་དྲང་དང་ཁག་ཁུར་ཡོད་པའི་ཞིབ་དཔྱོད་ཧྲག་དམག་བསྐྱེད་བསྲིང་བྱེད་དགོས།

རྟོག་ཞིབ་བྱེད་སྐབས། དབྱིན་ཡུང་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་སོགས་དང་བྱ་བའི་བཞུགས་མོལ་བྱས། ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པེ་ཁུ་རིག་སུའུ་ལིས་ཧན། དབྱང་ཧྥ་སིན། ཀྲ་ཆིན་ཅིག་བཅས་སོ་སོར་དེའི་ཁྲོད་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།