ཟླ9པའི་ཚེས22ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཀྱིས་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ཐད་རོགས་འདེགས་བྱེད་པ་བརྗོད་དོན་དུ་བྱས་པའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཅང་ཀྲི་ཀང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་པ་དང་། གཞུང་གི་ཆེད་དུ་སྤྱི་ཕན་བསམ་བློ་སྐྱེད་པའི་དང་བླངས་པ་བཅས་བྱ་འགུལ་ལ་ཞུགས།
བྱ་འགུལ་ཁྲོད། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་སྡེ་ཁག་གི་འགན་ཁུར་མི་སྣས་རང་ཞིང་གི་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ་བ་དང་། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་ཞིབ་ཞིབ་དཔྱོད་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཡར་ཞུ་བྱས་ལ། ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཁྱབ་ཁོངས་ནས་བསྒྲུབས་པའི་ནོར་གནག་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་སྤྱི་ཕན་ཞུ་གཏུག་གྲོས་གཞི་དང་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་འགོག་བཅོས་སོགས་དཔེ་མཚོན་གྱོད་གཞི་འགྲེམ་སྟོན་བྱས་པར་མ་ཟད། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་གྱོད་སྒྲུབ་བརྙན་ཐུང་ལ་བལྟས།
བཞུགས་མོལ་ཚོགས་འདུའི་སྟེང་། སྐུ་མགྲོན་ཚོས་རང་ཞིང་གི་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ཐད་ནས་བཞུགས་མོལ་བརྗེ་རེས་བྱེད་པར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་ཐད་ནས་བསམ་འཆར་དང་གྲོས་གཞི་རྩ་ཆེན་བཏོན།
བྱ་འགུལ་ཁྲོད། སྐུ་མགྲོན་ཚོས་ད་དུང་གཅིག་གཉིས་གསུམ་ཐིག་དགུ་ཞིབ་དཔྱོད་དམངས་བསམ་ཞབས་ཞུ་ལྟེ་གནས་དང་གྱོད་གཞི་དོ་དམ་ལྟེ་གནས་ལ་བལྟས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་གཞི་སྒྲུབ་པའི་བྱ་བའི་བརྒྱུད་རིམ་ལ་རྒྱུས་ལོན་གསལ་བོ་བྱས།