མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲའོ་ལི་ཅི་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་ཚོགས་འདུར་ཞུགས་པ།

  2023-09-23 14:42:58 

ཀྲའོ་ལི་ཅི་ཡིས་ཧྲན་ཏུང་དུ་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་རྟོག་ཞིབ་གནང་བ།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧྲན་ཏུང་དུ། རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་རྟོག་ཞིབ་གནང་ནས་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ། ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། གསར་དུ་བཟོ་བཅོས་བརྒྱབ་པའི་ཁྲིམས་འཛུགས་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱེད་པ། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་གནད་ཁེལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་དུས་རབས་གསར་པའི་ས་གནས་ཀྱི་ཁྲིམས་འཛུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཀྲའོ་ལི་ཅི་ཡིས་ཟླ9པའི་ཚེས19ཉིན་འཚོགས་པའི་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ས་གནས་ཀྱི་ཁྲིམས་འཛུགས་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་དང་ཟུར་སོ་སོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དུ། སྔ་རྗེས་སུ་ཅི་ནན་དང་ཝེ་ཧའེ། ཝེ་ཧྥང་སོགས་སུ་རྟོག་ཞིབ་གནང་ནས་ནན་གྱིས་བསྟན་དོན། དམངས་ཆེན་ལམ་ལུགས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། དམངས་ཆེན་གྱི་བྱ་བ་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་རང་རྟོགས་སྒོས་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་གང་ལེགས་ཡོང་བར་བྱེད་དགོས། གསར་གཏོད་དྲང་གཞག་དང་བདེན་འཚོལ་དོན་གཉེར་བྱེད་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་འགན་དབང་ལག་བསྟར་ནན་ཏན་བྱེད་པ། ལས་དོན་རེ་རེ་བཞིན་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ས་གནས་དམངས་ཆེན་ལས་དོན་གྱིས་དོན་དངོས་དང་ཟུང་འབྲེལ་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་མཁྲེགས་གཏོར་ལས་འགན་ལ་སྔར་ལས་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།