མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ།

  2023-09-20 22:34:01 

བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོས་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་ཚན་རིག་ལྟར་འཆར་འགོད་བཟང་བོ་དང་རྩ་འཛུགས་ཞིབ་ཚགས་བྱས་པ་དང་། དམིགས་འབེན་ལ་དམ་དུ་དམིགས་ཤིང་རིགས་བགར་ཇུས་བསྟར་གཙོར་འཛིན་པ། ལྟ་སྐུལ་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་ནས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ལེན་པར་སྐུལ་འདེད་བཏང་།

ཟི་ལིང་གྲོང་ཁྱེར་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། རང་འགུལ་གྱིས་བརྗོད་དོན་སློབ་གསོ་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ལག་ལེན་དུ་བྱེད་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། སྒྲིག་ལམ་དམ་དགོས་པ་བཅས་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ། རང་ས་ཁུལ་དང་རང་སྡེ་ཁག་གི་བྱ་བ་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ཏེ་བརྗོད་དོན་སློབ་གསོར་འགོ་བཟང་བོ་རྩོམ་པ་དང་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཕན་འབྲས་མངོན་པར་བྱེད་པ་བཅས་ལ་འགན་སྲུང་བྱེད་པ་དང་། བརྗོད་དོན་སློབ་གསོས་སྐུལ་སློང་བྱས་པའི་ཡིད་ཆེས་དང་སྟོབས་ཤུགས་ཡོད་ཚད་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་བདེན་འཛིན་དངོས་སྒྲུབ་ཀྱི་སྒུལ་ཤུགས་སྟོབས་ལྡན་དུ་འགྱུར་བར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མིག་དཔེ་སྟོན་དགོས།

མཚོ་ཤར་གྲོང་ཁྱེར་གྱིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ལངས་གནས་ཇེ་བརྟན་དུ་གཏོང་བ་དང་ཏང་གི་ལས་དོན་ལ་སྐུལ་འདེད་གཏོང་བ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་ནས་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་སྟེང་ཤུགས་སྣོན་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་དམ་དུ་དམིགས་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། སྒྲིག་ལམ་དམ་དགོས་པའི་བླང་བྱར་དམ་དུ་དམིགས་པ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་རྒྱུ་བཅས་དམ་འཛིན་བྱེད་སར་བྱེད་པ། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་བརྟག་དཔྱད་ཞིབ་འཇུག  དངོས་སྒྲུབ་ཁག་ཁུར། ལྟ་ཞིབ་དག་བཅོས་བཅས་ཀྱི་སྟེང་ཕན་འབྲས་ཐོན་པར་བྱེད་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་མཚོ་ཤར་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན། དམིགས་འབེན་བླང་བྱ་བཅས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། སྒྲིག་ལམ་དམ་དགོས་བཅས་ཀྱི་དངོས་སྒྲུབ་ཁྲིད་ཕྱོགས་བརྟན་པོར་འཛུགས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པ་དང་བསམ་ཕྱོགས་གསལ་བ། སྒྲིག་ཁྲིམས་དམ་པ། སྤྱོད་ཚུལ་བཟང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོ་མཚོ་ནུབ་དུ་བཟང་བོར་སྤེལ་ཏེ་གྲུབ་འབྲས་དངོས་ཐོབ་པར་འགན་སྲུང་བྱེད་དགོས། འཚམས་འདྲི་ཆེན་མོ་དང་བརྟག་དཔྱད་ཆེན་མོ། ཞིབ་བཤེར་ཆེན་མོ། མཁྲེགས་གཏོར་ཆེན་མོ་བཅས་ཀྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ་བརྟག་དཔྱད་བྱ་གཞི་ཡང་དག་པར་འདེམ་པ་དང་བྱེད་ཐབས་ལ་དང་དོད་བྱེད་པ། རྟོག་ཞིབ་དངོས་ཕན་ལ་མཐོང་ཆེན་བཅས་བྱས་ཏེ་རྟོག་ཞིབ་ཀྱི་གོ་རིམ་དེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། བྱ་བའི་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བའི་དཀའ་གནད་ཐག་གཅོད་པ། དངོས་སྒྲུབ་ཁག་ཁུར་ལ་སྐུལ་འདེད་གཏོང་བའི་གོ་རིམ་དུ་འགྱུར་བར་བྱེད་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་རབས་གསར་པའི་ལོ་བཅུའི་འབད་འཐབ་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱིས་བསྩལ་བའི་མཚོ་སྔོན་གྱི་འགན་འཁྲིའི་ལས་འགན་ཁྲོད་དུ་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་འཕྲད་པའི་རྙོག་འཛིང་གི་གནས་བབ་ཁྲོད་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ། གཞུང་ལུགས་སློབ་སྦྱོང་མི་སེམས་སུ་ཟུག་པར་བྱེད་པ། བརྟག་དཔྱད་ཞིབ་འཇུག་ཁྲོད་ཟབ་ཞུགས་བྱེད་པ་སོགས་བྱས་ཏེ་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དགོངས་པ་སློབ་པ་དེ་ལས་འགན་གཙོ་བོར་བརྩིས་ཏེ་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། གཞུང་ལུགས་སློབ་སྦྱོང་ཐད་ཤུགས་འདོན་པ་དང་བརྟག་དཔྱད་ཞིབ་འཇུག་སྟེང་གནས་ཚུལ་དངོས་ལ་ལྟ་ཞིབ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་ཁག་ཁུར་ཡོད་པར་བྱེད་པ། ལྟ་ཞིབ་དག་བཅོས་ནན་མོ་བྱེད་པ། སྒྲིག་ཁྲིམས་དང་ལམ་ལུགས་འཛུགས་པའི་སྟེང་ཡུན་རིང་གི་ཕན་འབྲས་ཐོན་པར་བྱེད་པ། བརྗོད་དོན་སློབ་གསོ་བཟང་བོར་སྤེལ་རྒྱུ་དེ་ལོ་ཧྲིལ་བོའི་བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་བཟང་བོ་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་གྲུབ་འབྲས་དངོས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བཟང་བོ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་བརྗོད་དོན་སློབ་གསོའི་དམིགས་འབེན་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པ། བསམ་བློའི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པ། མི་དམངས་ལ་ཞབསས་འདེགས་བཟང་བོ་ཞུ་བ། ལེགས་བཅོས་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་ཐོན་པར་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་གཏིང་ཟབ་ཏུ་སྤེལ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་སྐུལ་འདེད་གཏོང་བ་བཅས་དོན་འཁྱོལ་ནན་མོ་བྱས་ཏེ་བྱ་བར་སྐུལ་སྤེལ་དང་སྤྱོད་ཚུལ་བསྒྱུར་ནས་བརྗོད་དོན་སློབ་གསོར་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་ཆབ་སྲིད་གླེང་བའི་མཐོ་ཚད་ནས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་བ་དང་། བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་བཀོལ་སྤྱོད་བཟང་བོ་བྱེད་པ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་དམིགས་འབེན་བླང་བྱར་རྒྱུས་ལོན་ཡང་དག་བྱེད་པ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མགོ་ལོག་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས་པའི་བླང་བྱ་བཏོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་ཆབ་སྲིད་ཀྱི་ཁྲིད་སྟོན་དོན་སྙིང་དང་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་དོན་སྙིང་། ལག་ལེན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་སོགས་ལ་ངོས་འཛིན་ཟབ་མོ་བྱས་ཏེ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གཙོ་གནད་སློབ་སྦྱོང་ཟུང་འབྲེལ་བྱེད་པ་དང་། གནས་ཚུལ་དངོས་ལ་ལྟ་ཞིབ་དང་བྱེད་ཐབས་བཟང་བོ་འདོན་རྒྱུ་གཅིག་གྱུར་བྱེད་པ། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན་ལ་དམིགས་ནས་རིགས་བགར་མཛུབ་སྟོན་དང་གནད་དོན་གྱི་ཁྲིད་ཕྱོགས་ལ་མཐོང་ཆེན་བྱེད་པ། བརྗོད་དོན་སློབ་གསོ་དང་ད་ལྟ་སྒྲུབ་བཞིན་པའི་བྱ་བ་ཟུང་འབྲེལ་བྱེད་པ་སོགས་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སོ་སོ་རྨ་ལྷོ་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།