མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

པད་མ་རྫོང་གྲུབ་ཆེན་ཤང་གིས་སློབ་གྲྭར་ཁྲིམས་ལུགས་དྲིལ་སྒྲོག་བྱས་པ།

  2023-09-08 16:17:06 

པད་མ་རྫོང་གྲུབ་ཆེན་ཤང་གིས་ཁྲིམས་ལུགས་དྲིལ་སྒྲོག་བྱས་ནས་བདེ་འཇགས་ངང་འཚར་ལོངས་བྱུང་བ་ཞེས་པའི་བྱ་འགུལ་སྤེལ་བ།

1.jpg

“བརྒྱད་ལྔ”ཁྲིམས་ཁྱབ་སློབ་གསོ་སྐུལ་འདེད་དང་། ལོ་ཆུང་གཞོན་ནུ་རྣམ་ལ་མུ་མཐུད་དེ་ཁྲིམས་ལུགས་ཀྱིས་སློབ་གསོ་བརྒྱུད་སྤེལ་བྱས་ནས་རང་འགུལ་གྱིས་བཅའ་ཁྲིམས་བརྩི་སྲུང་བྱེད་པ། བཅའ་ཁྲིམས་སློབ་སྦྱོང་བྱས་ཏེ་རང་ཉིད་ལ་སྲུང་སྐྱོང་བྱེད་པ། བདེ་འཇགས་ཀྱི་སློབ་ར་འཛུགས་སྐྲུན་བཅས་བྱ་ཆེད། ཟླ9པའི་ཚེས4ཉིན། པད་མ་རྫོང་གྲུབ་ཆེན་ཤང་སྲིད་གཞུང་དང་གྲུབ་ཆེན་མངགས་གཏོང་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་རྩྭ་འཛུགས་བྱས་ནས“ཁྲིམས་སྐྱོང་གིས་སྣེ་ཁྲིད་དེ་བདེ་འཇགས་ངང་འཚར་ལོངས་བྱུང་བ”ཞེས་པའི“སློབ་མགོ་ཚུགས་པའི་སློབ་ཚན་དང་པོའི”བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་གྲུབ་ཆེན་ཤང་བཅའ་སྡོད་སློབ་ཆུང་དུ་སྤེལ།

2.jpg

བྱ་འགུལ་གྱི་ཡུལ་དངོས་སུ“ཁྲིམས་ར་གཉིས་དང་ལྟ་སྐུལ་གཅིག”ཅེས་པའི་བྱ་བའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲུབ་ཆེན་ཤང་གི་ཁྲིམས་ལུགས་དྲིལ་སྒྲོག་བྱེད་མཁན་དང་། དང་བླངས་པ་རྩྭ་འཛུགས་བྱས་ནས་སློབ་མ་དག་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་སྐྱེ་བོའི་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་སྐྱེ་བོའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》སོགས་འབྲེལ་ཡོད་ནང་དོན་སློབ་མ་རྣམས་ལ་ཁ་གསལ་ཞིང་གོ་བདེ་བའི་ངང་ནས་དྲིལ་སྒྲོག་བྱས་པ་དང་། དེར་མ་ཟད་ད་དུང་སློབ་མ་ཚང་མར་ཅི་ཞིག་ལ་ཉེས་ཅན་ཟེར་བ་དང་། ཉེས་གསོག་སྔོན་འགོག་བྱས་ནས་རང་ཉིད་ལ་ཇི་ལྟར་སྲུང་སྐྱོང་བྱེད་པ་སོགས་འཚོ་བ་དངོས་ཀྱི་ནང་དུ་བྱུང་དང་འབྱུང་བཞིན་པའི་གྱོད་དོན་དངོས་དཔེ་བརྗོད་དུ་དྲངས་ནས་གསལ་འགྲེལ་བྱས། སློབ་མ་ཚོས་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་སོགས་ངོས་འཛིན་བྱེད་རྒྱུ་དང་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཡོད་དགོས་པ་སོགས་ཀྱི་སློབ་གསོ་བཏང་། དེ་དང་ཆབས་ཅིག་ཏུ་འབྲེལ་ཡོད་མི་སྣས་སློབ་མར་བཅའ་ཁྲིམས་རྒྱུན་ཤེས་དྲིལ་སྒྲོག་གི་འབྲེལ་ཡོད་དཔེ་དེབ100དང་། ཡིག་གཟུགས་སྦྱོང་བྱེད་ཀྱི་འབྲི་དེབ100བཅས་ཡུལ་དངོས་ནས་བྱིན།

3.jpg

ཐེངས་འདིའི་བྱ་འགུལ་ཁྲོད་དུ་སློབ་མ་ཚང་མར་ཁྲིམས་ལུགས་ཤེས་བྱ་བརྒྱུད་སྒྲོག་བྱས་ནས་སློབ་མ་རྣམས་ཀྱིས་ཁྲིམས་སློབ་པ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པའི་འདུ་ཤེས་ཇེ་མཐོར་བཏང་སྟེ་སློབ་མ་རྣམས་ཀྱིས་བདེ་འཇགས་ཀྱི་སློབ་ར་འཛུགས་སྐྲུན་བྱ་ཆེད་རང་ནུས་ཅི་ལྕོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། སླད་ཕྱིན། པད་མ་རྫོང་གྲུབ་ཆེན་ཤང་གིས་རང་འགན་དང་དུ་བླངས་ནས་ནར་མ་སོན་པའི་སྐྱེ་བོའི་ཁྲིམས་སྐྱོང་གི་དགོས་མཁོ་སྔོག་འདོན་གཏིང་ཟབ་བྱས་ཏེ། ཁྲིམས་ལྟར་ནར་མ་སོན་པའི་སྐྱེ་བོར་གཅེས་སྐྱོང་བྱས་ནས་བདེ་ཐང་ངང་འཚར་ལོངས་བྱུང་རྒྱུའི་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་ནས། མུ་མཐུད་དུ་གསར་འབྱེད་ཡར་བརྩོན་དང་། སྣ་མང་ཅན་གྱི་རྣམ་པའི་སྒོ་ནས“ཁྲིམས་སྐྱོང་སློབ་གྲྭར་བསྐྱོད་པ”རྒྱུན་ལྡན་ཅན་དང་རྒྱུན་མཐུད་ཅན་དུ་བཏང་སྟེ། བཅའ་ཁྲིམས་ལག་ཆར་དཀྲིས་ནས་ནར་མ་སོན་པའི་སྐྱེ་བོས་རང་ཉིད་ལ་སྲུང་སྐྱོང་བྱས་ཏེ། བརྒྱད་ལྔ་ཁྲིམས་ཁྱབ་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབ་རྒྱུར་འབད་པ་བྱ་རྒྱུ་རེད།

4.jpg

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།