མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ཁྲིམས་འཛིན་པུའུ་ཀྲང་གི་ཚོགས་འདུ་ཐེངས་བཅུ་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས་པ།

  2023-09-06 16:43:03 

ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ་ཀྲང་གི་ཚོགས་འདུ་ཐེངས་བཅུ་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས་པ།

ཟླ9པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ་ཀྲང་གི་ཚོགས་འདུ་ཐེངས་བཅུ་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་གསུམ་ལོར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ་ཀྲང་གི་ཚོགས་འདུའི་ལམ་སྲོལ་དངོས་སུ་འཁོར་སྐྱོད་བྱས་པ་ནས་བཟུང་། ཁོངས་གཏོགས་རྒྱལ་ཁབ་སོ་སོས“ཧྲང་ཧེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་དང་དར་སྤེལ་བཏང་སྟེ། ཕན་ཚུན་རྒྱབ་སྐྱོར་དང་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱས་ནས། རྒྱལ་ཁབ་སོ་སོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། སྲིད་གཞུང་བར་གྱི་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ལ། བཅའ་ཁྲིམས་ཞབས་ཞུའི་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ངང་སྤེལ་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ནས། དེ་བསྟུན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོས་ཁྲིམས་སྐྱོང་གིས་རྩ་བ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ནས། འཛམ་གླིང་གི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ཡོད། ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ། དུས་རབས་གསར་བའི་རྒྱལ་ཁབ་སོ་སོའི་བཅའ་ཁྲིམས་དང་ཁྲིམས་འཛིན་སྲིད་འཛིན་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ངོས་ནས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།