མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྤྱི་བདེ་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-24 14:43:14 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྤྱི་བདེ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགོག་རྐྱེན་ལ་དམིགས་ཏེ། ཁུ་ནུ་འགུལ་སྐྱོད་དང་བསིལ་རླུང་འགུལ་སྐྱོད། རྨ་ཆུའི་ཉ་རྒྱ་སྡོམ་པ། འབྲི་ཆུའི་ཉ་འཛིན་བཀག་སྡོམ་སོགས་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་རྒྱུན་ཆད་མེད་པར་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ནག་ཉེས་རྩད་ཞིབ་བྱས་ཏེ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁག་ཁུར་བྱས།

ཞིང་ཆེན་སྤྱི་བདེ་ཐིང་གིས་རྡུང་རྡེག་དྲག་པོ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ནག་ཉེས་རྩད་ཞིབ་དང་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་། ཆེད་དོན་གྱོད་སྒྲུབ་བྱ་བ་ཤུགས་དྲག་ཏུ་བཏང་སྟེ་གྱོད་དོན་ཁུངས་སྣེ་འཚོལ་ཞིབ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླགས་གཏོང་བའི་ཁྲིམས་འགལ་ནག་ཉེས་ལ་གོ་རིམ་དང་རྒྱུ་རྐྱེན། མུ་འབྲེལ་བཅས་ཡོངས་སུ་ཁེབས་པའི་རྡུང་རྡེག་ལག་བསྟར་བྱས། ཟས་རིགས་དང་སྨན་རྫས། ཁོར་ཡུག་བཅས་ཁྱབ་ཁོངས་ཀྱི་རིགས་སྣ་ཚོགས་ཀྱི་ཆེད་དམིགས་བཅོས་སྐྱོང་བྱ་བ་སྤེལ་ནས། ཆུ་རྒྱུན་བཞུར་ཁོངས་སོགས་གཙོ་གནད་ས་ཁུལ་དང་སྨན་རྫས་སྐྱེལ་འདྲེན་སོགས་གཙོ་གནད་ལས་རིགས་ས་ཁུལ་དུ་ཁྲིམས་བསྟར་སྐོར་ཞིབ་ཞིབ་བཤེར་བྱས་པ་དང་། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་འབུར་ཐོན་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་མགོ་ཁུངས་དོ་དམ་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ། བྱེ་ས་བདག་འཛིན་དང་གཏེར་ཁུར་སྒེར་འཛིན་བྱེད་པའི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བས། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ནག་ཉེས་འབྱུང་བར་བཀག་འགོག་ནུས་ལྡན་བྱས།

རིམ་པ་སོ་སོའི་སྤྱི་བདེ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སོགས་གཙོ་གནད་སྐྱེ་ཁམས་ས་ཁོངས་དམིགས་སུ་འཛིན་པ་དང་། རྒྱུན་རྣམ་ཅན་གྱི་ཁྲིམས་བསྟར་སྐོར་ཞིབ་དང་སྲ་གཟུགས་གད་སྙིགས་ཞིབ་བཤེར་བཅོས་སྐྱོང་བྱ་བ་སྤེལ་བ། ས་ཁོངས་ནང་ཁུལ་གྱི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་དང་བསྡུ་ལེན་བྱ་བའི་ཁྲོད་ཞུགས་ཏེ། རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

ཞིང་ལས་ཞིང་སྡེ་སྡེ་ཁག་དང་མཉམ་དུ་དྲིལ་སྒྲོག་དང་འགོག་ཟོན། སྲུང་སྐྱོབ་བཅས་བྱེད་པའི་འཛིན་བཟུང་བཀག་སྡོམ་བྱེད་ཐབས་དངོས་འབེབས་ནན་མོ་བྱས་པས།  འབྲི་ཆུའི་ཉ་འཛིན་བཀག་སྡོམ་གྱི་རྣམ་པ་ལེགས་པོ་མངོན་འགྱུར་བྱུང་བ་དང་། རྨ་ཆུའི་མཚོ་སྔོན་བཞུར་ཁོངས་དང་མཚོ་སྔོན་པོའི་ཉ་འཛིན་བཀག་སྡོམ་གྱི་ཆེད་དོན་ཁྲིམས་བསྟར་སྤེལ་ནས། རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

ས་ཁུལ་ཁ་ཤས་ནས་ཁྲིམས་འགལ་ངང་འབྲོང་གཡག་འཛིན་བཟུང་དང་འདུལ་གསོ། སྐྱེ་འཕེལ་སོགས་བྱེད་པའི་འབུར་ཐོན་གནད་དོན་ལ་ཁ་གཏད་དེ། ཞིང་ཆེན་སྤྱི་བདེ་ཐིང་གིས་རང་འགུལ་སྒོས་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་འཇིགས་ཉེན་ཆེ་བའི་རིགས་ལ་གནོད་འཚེ་གཏོང་བའི་གྱོད་དོན་མྱུར་ཞིབ་བྱ་བ་སྤེལ་བས། འབྲོང་གཡག་ཉི་ཤུ་རྩད་ཆོད་ནས་དོགས་ཡོད་ཉེས་ཅན་བརྒྱད་འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་སྒོར་མོ་བྱེ་བ་གཅིག་ལ་སླེབས། དུས་མཉམ་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཞིབ་བཤེར་ཁང་དང་མཐུན་སྦྱོར་བྱས་ཏེ་སྐྱེ་ཁམས་སྤྱི་ཕན་ཞུ་གཏུག་སྐོར་ཞིབ་ལས་དོན་སྤེལ་ནས། ལས་རིགས་སྡེ་ཁག་དང་མཉམ་དུ་ཆེད་དོན་བཅོས་སྐྱོང་བྱས་པས། ཞིང་ཕྱུགས་གསོ་སྤེལ་ར་བས་རི་སྐྱེས་སྲོག་ཆགས་འདུལ་གསོ་དང་སྐྱེ་འཕེལ་བྱེད་པའི་ཟང་ཟིང་གི་རྣམ་པ་བཅོས་སྐྱོང་གང་ལེགས་བྱས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།