བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་བྱེད་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱ་བ་དེ་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་བའི་གཞི་རྩ་རུ་འགྱུར་བར་བྱས་པ་དང་། བྱ་བའི་དོན་དངོས་ལ་རྐང་འཛུགས་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ནུས་པ་ཕན་འབྲས་ལྡན་པར་འདོན་སྤེལ་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་ཆེད་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
ཆབ་སྲིད་ལྟ་སྐུལ་ལ་ཤུགས་བསྣན། བརྗོད་དོན་སློབ་གསོའི་ལས་འགན་ལ་སྐུལ་སྤེལ་བྱེད་རྒྱུ་དང་ཟུང་སྦྲེལ་བྱས་ཏེ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ་དང་། ཏང་གཤིས་བགྲོ་གླེང་ཆེན་མོ། ཏང་འཛུགས་ལ་ཤུགས་སྣོན་པ། སློབ་སྦྱོང་ཉམས་ལེན་དང་མཉམ་སྤྱོད་སོགས་ཀྱི་ཆེད་དོན་བརྗེ་རེས་དཔྱད་གླེང་བྱས་ནས། བསམ་བློའི་ངེས་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་ལག་བསྟར་ཇུས་གཞི་དང་། ཆབ་སྲིད་འགན་འཁྲིའི་ལྟ་སྐུལ་གསལ་ཁྲ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་ལས་འགན་འཆར་གཞི་སོགས་གཏན་ཁེལ་འགྲེམས་སྤེལ་བྱས་ཏེ། ཆབ་སྲིད་ལྟ་སྐུལ་འགན་འཁྲི་ཚད་ལྡན་ཅན་དང་། རྒྱུན་རྣམ་ཅན། ཡུན་ཕན་ཅན་དུ་བསྒྱུར། མགོ་ཁྲིད་ཚན་ཁག་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་བརྒྱུད་དེ། ཀྲི་པུའུ་ཧྲུའུ་ཅི་དང་སྤྱིར་བཏང་གི་ཏང་ཡོན་ལས་བྱེད་པས་སེམས་གཏམ་གླེང་བ་དང་། བཞུགས་མོལ་བརྗེ་རེས། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་ནས། མགོ་ཁྲིད་དང་པོས་ལས་འགན་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱེད་པར་ལྟ་སྐུལ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་ཏན་ཏིག་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
སྒྲིག་ཁྲིམས་ཉེན་བརྡའི་སློབ་གསོ་ཤུགས་དྲག་ཏུ་བཏང་། ལས་ཁུངས་ཀྱི་ཆབ་སྲིད་སྐྱེ་ཁམས་ལ་དམིགས་ཏེ། ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དོན་དང་། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དོན་དང་། འགྱོད་བཤགས་ཟིན་ཐོ་སོགས་ལ་སློབ་སྦྱོང་བྱས་པ་བརྒྱུད། དུས་ནམ་ཡང་བསམ་རྒྱ་དམ་པོ་དང་། ཆུང་འགོག་ཕྲ་སེལ། མ་བྱུང་སྔོན་འགོག་བྱས། སྒྲིག་ཁྲིམས་བྱེད་ཕྱོགས་གནད་དོན་གྱི་བརྡ་ཡིག་སྤེལ་བར་ཤུགས་བསྣན་ནས། ཏང་ཡོན་ལས་བྱེད་པར་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ཡི་གེ་དང་། སྒྲིག་འགལ་ཟ་འཐུང་བཀག་འགོག་གི་འགན་ལེན་ཡི་གེར་མིང་བཀོད་དུ་འཇུག་པ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཁྲིམས་ཁང་འདྲི་གཅོད་སོགས་ཉེན་བརྡའི་སློབ་གསོའི་བྱ་འགུལ་ལ་ཞུགས་སུ་བཅུག་སྟེ། ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་དབང་བཀོལ་དང་། ཚད་ལྡན་དབང་ཆ་བཀོལ་བའི་འདུ་ཤེས་སྔར་ལས་མཐོ་རུ་ཕྱིན།
གནད་དོན་བཅོས་སྒྲིག་དམ་འཛིན་བྱས། ལྟ་སྐུལ་བྱ་བ་དེ་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ་དང་། བྱེད་ཕྱོགས་གཅིག་བསྡུས་གནད་དོན་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་ལ། གནད་དོན་ཁྲིད་ཕྱོགས་ཤུགས་དྲག་ཏུ་བཏང་ནས། རང་གི་ངོས་ཐད་དང་འགན་འཁྲིའི་ངོས་ཐད། བྱ་བའི་ངོས་ཐད་བཅས་རིམ་པ་རེ་རེ་བཞིན་གནད་དོན་ལ་ཞིབ་བཤེར་བྱས། ཞིབ་བཤེར་དག་ཐེར་ཡོ་བསྲང་བྱེད་པ་དམ་འཛིན་བྱས་ནས། གནད་དོན་བཙལ་བ་ཡང་དག་དང་། དག་ཐེར་བྱེད་ཐབས་ངོ་མ་ཡིན་པར་ཁག་ཐེག་བྱས།
གཙོ་གནད་བྱ་བར་ལྟ་སྐུལ་བྱེད་རྒྱུ་དམིགས་སུ་བཟུང་། ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁ་པར་ཞུ་གཏུག་དང་། ཞུ་གཏུག་སྒམ་སོགས་མང་ཚོགས་ཀྱི་ལྟ་སྐུལ་ཞུ་གཏུག་ཐབས་ལམ་ཁྱབ་བསྒྲགས་བྱས་ཏེ། འཕྲིན་བཅར་ཞུ་གཏུག་དང་ལེན་བྱས། རྩ་འཛུགས་མི་དོན་དང་། རྒྱུ་ནོར་དོ་དམ། དངོས་ཟོག་ཉོ་སྒྲུབ། རྣམ་གྲངས་ལག་བསྟར། འཇོན་འགུག་ཞིབ་དཔྱད། བརྗོད་དོན་གལ་ཆེན་དྲིལ་སྒྲོག དྲ་རྒྱའི་བདེ་འཇགས་སོགས་ལས་དོན་གཙོ་བོའི་ལྟ་སྐུལ་ཤུགས་དྲག་ཏུ་བཏང་ནས། གནད་དོན་ཅི་ཡོད་དུས་ལྟར་ཤེས་རྟོགས་དང་དག་བཅོས་བྱས་པ་དང་། གནད་འགག་མི་སྣར་དོ་དམ་དང་གནད་འགག་ལས་དོན་དོ་དམ། འགག་རྩ་དོ་དམ་བཅས་བྱས་ཏེ། དུས་རྒྱུན་གསལ་འདེབས་དང་། རྒྱུན་དུ་གནོན་ཤུགས་སྟེར་བའི་རྣམ་པ་ལེགས་པོ་ཞིག་ཆགས་པར་བྱས།
གཅིག་གྱུར་མཐུན་སྦྱོར་གྱི་མཉམ་ཤུགས་གྲུབ་པར་བྱས། བྱེད་ཕྱོགས་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྐྱོང་དང་བརྗོད་དོན་སློབ་གསོ་སྤེལ་བ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ། རྩིས་བཤེར་ལྟ་སྐུལ་གནད་དོན་དག་ཐེར་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་དཔུང་ཁག་སློབ་གསོའི་དག་ཐེར་སོགས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིམ་བཞིན་ཆབ་སྲིད་ལྟ་སྐུལ་དང་ལས་གཉེར་འགན་ནུས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག གཞི་གཅིག་སྐུལ་འདེད་ཀྱི་རྣམ་པ་ཞིག་གྲུབ་པ་དང་། ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྡེ་ཁག་གིས་མཐུན་སྦྱོར་མཉམ་ལས་བྱེད་པ། གཅིག་གྱུར་དམ་འཛིན་དང་ཐུན་མོང་དོ་དམ་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་བྱ་བའི་རྣམ་པས། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་དང་། བྱ་བའི་ཁོར་ཡུག་ལེགས་པོ་ཅིག་བསྐྲུན་ནས་དྲ་འཕྲིན་བྱ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རོགས་འདེགས་བྱས།