མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-22 14:34:14 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་ལ་ཕན་ཡོད་སྐུལ་འདེད་བཏང་ནས། མི་ཚོགས་གཙོ་བོའི་བདེ་ཐང་གི་འགན་སྲུང་བྱ་བ་ལེགས་པར་སྒྲུབ་སྟེ། བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་། 

རྒན་པའི་བདེ་ཐང་ཞབས་ཞུ་ལ་ཧུར་ཐག་གིས་སྐུལ་སྤེལ་བྱས། ཆེད་མཁས་རྩ་འཛུགས་བྱས་ནས་ལོ་ལོན་རྒན་པའི་བྱམས་བརྩེ་སྨན་བཅོས་སྒྲིག་སྲོལ་དཔེ་སྟོན་ཁུལ་གྱི་དཔྱད་འཇོག་བྱ་བ་སྒྲུབ་ནས། ཞིང་ཆེན་ཡོངས་སུ་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་སྒྲིག་སྲོལ་གྱི་ཚད་གཞིར་ལོངས་ཚད་བརྒྱ་ཆའི་གྱ་བཞི་གྲངས་ཆུང་གཉིས་ལ་སླེབས་པར་བྱས་པ་དང་། སྨན་བཅོས་ལས་ཁུངས་དྲུག་མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་རྒན་པའི་བྱམས་བརྩེའི་སྨན་བཅོས་སྒྲིག་སྲོལ་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས། དུས་མཉམ་དུ། རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་ལོ་ལོན་རྒན་པའི་མཛའ་བརྩེ་རང་བཞིན་གྱི་གཞིས་ཁུལ་དྲིལ་སྒྲོག་དང་། རྒན་བཀུར་རྒན་གཅེས་ཀྱི་གཞིས་ཁུལ་མཁའ་དབུགས་ཆགས་པར་བྱས་ནས། ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཆེད་མཁས་སྨན་པ་རྩ་འཛུགས་བྱས་ཏེ་གཞིས་ཁུལ་དུ་བསྐྱོད་ནས་ནད་བརྟག་སྨན་སྦྱིན་གྱི་བྱ་འགུལ་སྤེལ་ཏེ། ལོ་ལོན་ལ་ཞབས་ཞུ་ལྡན་པའི་སྟེགས་བུ་བཙུགས་ནས། རྒན་པའི་སྨན་བཅོས་ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་བཏང་། 

ཕྱོགས་ཡོངས་ནས་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུ་ཇེ་ལེགས་སུ་བཏང་། ཀྲུང་དབྱང་དང་ཞིང་ཆེན་གྱིས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་བཏང་ནས། ཞིང་ཆེན་ནང་ཁུལ་དུ་བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་བདུན་ལ་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་དང་ཆ་འཕྲིན་ཅན་འཛུགས་སྐྲུན། ཆེད་ལས་ལག་རྩལ་རྐང་འཛིན་མི་སྣའི་རུ་དཔུང་གསོ་སྐྱོང་བཅས་བྱས། 

ནུས་ཤུགས་ཡོད་རྒུས་བྱིས་པའི་གཉོར་སྐྱོང་ཞབས་ཞུ་ལ་སྐུལ་སྤེལ་བཏང་། ཕྱོགས་ཡོངས་ནས་བྱིས་པའི་བདག་སྐྱོང་ཞབས་ཞུའི་ཆེད་དོན་འགུལ་སྐྱོད་རྒྱ་ཁྱབ་ཏུ་སྤེལ་ནས། རྒྱལ་ཁབ་ཀྱི་བྱིས་པའི་བདག་སྐྱོང་ཞབས་ཞུའི་འཛུགས་སྐྲུན་གྱི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་འབུམ་གཉིས་བརྩོན་ལེན་བྱས་པ་དང་། སྤྱི་ཚོགས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་དྲུག་ནང་འགུག་བྱས་ནས། ལས་གཞིའི་རྣམ་གྲངས་ང་བརྒྱད་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། བྱིས་པའི་བདག་སྐྱོང་བྱེད་གནས་བཞི་སྟོང་དྲུག་བརྒྱ་ཉི་ཤུ་གསར་དུ་འཕར་སྣོན་བྱུང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།