ཟླ8པའི་ཚེས17ཉིན། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ལས་དོན་ཡག་པོར་སྒྲུབ་པའི་བསམ་ཕྱོགས་གསར་བ་དང་། བྱེད་ཐབས་གསར་བ། ཐབས་ཤེས་གསར་བ་བཅས་སུ་བསྒྱུར་ནས། འགན་སྒྲུབ་ཁག་ཁུར་གྱི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ་དང་། འབད་པ་བྱས་ཏེ་ལས་བཟོ་པ་དང་མང་ཚོགས་ཡིད་ཚིམ་པའི་བྱ་བའི་གྲུབ་འབྲས་བསྐྲུན།
སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་མི་འདང་ས་ཁ་གསབ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་དམ་པ་ཁྲི་གསུམ་དང་སྟོང་བདུན་སུམ་བརྒྱ་ལ་སྐོར་སྲུང་ལྭ་བརྩོན་ལེན་དང་། བཟོ་ཚོགས་ཀྱི་ནགས་དང་ངལ་རྩོལ་དཔེ་ལེགས་པའི་ནགས། གོ་མིན་དབྱི་བརྩེ་སེམས་རུ་ཁག་གི་སྤྱི་ཕན་ནགས་བཅས་བསྐྲུན་ནས། མགོ་རྩོམ་ས་གསར་བ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་དང་འདྲེས་པར་བྱས། ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་པའི་ཁམས་གསོ་རྟེན་གཞི་ཉེར་བཞིའི་སྒོ་བྱང་བཀལ་ནས། ངལ་རྩོལ་དཔེ་ལེགས་པའི་ཁམས་གསོའི་ཐོན་ཁུངས་ཀྱི་འགྲེམ་སྤེལ་བྱ་འགུལ་ཐོག་མ་སྤེལ་བ་དང་། རྒྱལ་སྤྱིའི་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པར་རོགས་ཤུགས་བཏོན། རྒྱལ་ཡོངས་ཀྱི་འོད་ནུས་ལས་བཟོ་པའི་རྩལ་ནུས་འགྲན་སྡུར་ཐོག་མ་དང་། མཚོ་སྔོན་ཞིང་ཆེན་གྱི་འོད་ནུས་ལས་རིགས་ཀྱི་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས་གཉིས་པ་སྤེལ་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་ནུས་ཤུགས་ཕུལ། ཚྭ་མཚོའི་ཐོན་ཁུངས་གསར་འབྱེད་ཀྱི་བཟོ་རྩལ་རྩལ་ནུས་འགྲན་སྡུར་སྤེལ་བར་གྲ་སྒྲིག་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་བསྐྲུན་པར་ནུས་ཤུགས་གང་ཡོད་བཏོན། ཞིང་ཆེན་ཡོངས་ཀྱི་འཐེན་ཐུག་ལས་རིགས་ལས་བཟོ་པའི་ལས་རིགས་རྩལ་ནུས་འགྲན་སྡུར་ཚད་གཞི་མཐོ་བའི་སྒོ་ནས་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལས་དོན་ལ་རོགས་སྐྱོར་གང་ལེགས་བྱས།
བསམ་བློ་ཆབ་སྲིད་སྣེ་ཁྲིད་ཁྲོད་ཀྱི་མི་འདང་ས་ཁ་གསབ་བྱས། རང་ཞིང་ནས་རྒྱལ་ཁབ་ཆེན་མོའི་ལས་ཤེས་མི་སྣ་ཐོག་མ་ཐེན་ཏི་མཱེ་མཚམས་སྦྱོར་དང་། ཉིང་རྡུལ་མཁར་རྗེས་དྲན་ཁང་ལ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་སྐོར་ཁག་གཉིས་པའི་རྒྱལ་་ཡོངས་ལས་བཟོ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་ཞེས་པའི་མིང་བཏགས་ལ། དེ་རང་ཞིང་གི་རྒྱལ་ཡོངས་ལས་བཟོ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་ཐོག་མ་རུ་གྱུར། ལས་བཟོ་པའི་དཔེ་ཀློག་བརྗེ་རེས་བྱ་འགུལ་དང་། དུས་རབས་གསར་བའི་འདུ་ཤེས་འཛིན་སྟངས་བྱ་བའི་ཆེད་དོན་འཆད་ཁྲིད་སོགས་རྒྱུན་ཆད་མེད་པར་སྤེལ་ལ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གོ་མིན་དབྱི་གདན་དྲངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་སློབ་སྦྱོང་དང་། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་རིག་རྩལ་ཚོགས་པ་གདན་ཞུ་བྱས་ཏེ་འཚམས་འདྲིའི་འཁྲབ་སྟོན་བྱས།
ལས་བཟོ་བར་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་མི་འདང་ས་ཁ་གསབ་བྱས། སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་བཏང་ནས“བརྩེ་སེམས་ཞོགས་ཟས”སོགས་བཟོ་ཚོགས་ཚོང་རྟགས་ལས་དོན་གྱི་སྤུད་ཚད་འཕར་བར་སྐུལ་འདེད་བཏང་ལ། ཞིང་ཆེན་པུའུ་རིམ་པའི་ངལ་རྩོལ་དཔེ་ལེགས་པ་ཉིས་སྟོང་སུམ་བརྒྱ་ཉེར་གཅིག་ལ་འགན་སྲུང་མ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་བྱིན། སྒོར་ས་ཡ་བདུན་དང་འབུམ་གཉིས་བཏང་ནས་ངལ་རྩོལ་དཔེ་ལེགས་པ་དང་། ལས་ཡུལ་དང་པོའི་ཕུལ་བྱུང་ལས་བཟོ་པའི་ཁམས་གསོ་བྱ་བར་བཀོད་སྒྲིག་བྱས།
གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་མི་འདང་ཁ་གསབ་བྱས། ཆེད་སྤྱོད་སྔོན་རྩིས་ཀྱི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཀོད་སྒྲིག་བྱས་ཏེ། རྫོང་རིམ་པའི་བཟོ་ཚོགས་ཤུགས་སྣོན་ལོ་ཡི་ཆེད་དོན་བྱ་བར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཅན་གྱི་བཟོ་ཚོགས་སུམ་བརྒྱ་ཞེ་བཞི་ཡི་ལས་བྱེད་པའི་མིང་ཐོ་བསྐྱར་སྒྲིག་བྱས་ཏེ། གཞི་རིམ་བཟོ་ཚོགས་མི་སྣའི་ཞན་ཆ་དང་གནད་དོན་ཐག་བཅད། འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་བྱས་ཏེ། ཟུང་སྐྱེལ་བཟོ་ཚོགས་དང་འཐེན་ཐུག་ཐོན་ལས་ལས་རིགས་མཐུན་ཚོགས་ཀྱི་བཟོ་ཚོགས་བཙུགས། འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། བདེ་སྲུང་པ་དང་། མྱུར་སྐྱེལ་མཁན། ཁྱིམ་ལས་ཞབས་ཞུ་སོགས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་འགྲན་སྡུར་རྣམ་གྲངས་ཞིང་ཆེན་ཡོངས་ཀྱི་ལས་བཟོ་པའི་ལས་རིགས་རྩལ་ནུས་ཀྱི་འགྲན་སྡུར་ཁྲོད་བཞག