མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཁྲིམས་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-16 23:12:49 

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཏང་འཛུགས་ཀྱིས་གཅིག་ཅན་དྲུག་གི་བླང་བྱ་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོ་དང་ཟུང་སྦྲེལ་བྱས་པ་དང་། ནུས་པ་ཆེན་པོས་བླ་སྲོག་བསྐྲུན་པ་དང་སྔོན་ཐོན་བརྩོན་ལེན། སྤུས་ཀ་མཐོར་འདེགས། སྲིད་གཙང་སློབ་གསོ། ལག་ལེན་སྦྱོང་བརྡར་བཅས་ལས་གཞི་ལྔ་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཁུངས་ཏང་འཛུགས་ཀྱིས་ཁྲིམས་འཛིན་འདྲི་གཅོད་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས། དོན་དངོས་གྲུབ་འབྲས་དང་ཆུ་ཚད་ཀྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་ཚད་འཇལ་བྱས།

ཆབ་སྲིད་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བར་དམིགས་ནས་བླ་སྲོག་བསྐྲུན་པའི་ལས་གཞི་ལག་བསྟར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་རྩིས་པ་དང་། རྩ་འཛུགས་ཞིབ་ཚགས་སྒོས་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་དང་། དཔེ་ཀློག་འཛིན་གྲྭ་སོགས་བསྡུས། ཆབ་སྲིད་གཞུང་ལུགས་ཀྱི་སློབ་སྦྱོང་འཆར་གཞི་རིགས་བགར་ནས་བཀོད་སྒྲིག་བྱས། ཏང་ཡོན་ལས་བྱེད་པས་བསམ་བློའི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་དགོངས་དོན་གལ་ཆེན་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་དང་། ཀྲི་པུའུ་ཡི་གཅིག་སྡུས་སློབ་སྦྱོང་། མི་སྒེར་གྱི་རང་ངོས་སློབ་སྦྱོང་གི་ནང་དོན་བཅས་ཀྱི་ནང་འདུ་བར་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

སྔོན་ཐོན་བརྩོན་ལེན་གྱི་ལས་གཞི་ལག་བསྟར་བྱས། ཏང་འཛུགས་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཏང་འཛུགས་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ་སོ་གཅིག་ལ་མིང་བཀོད་ནས། ཏང་ཡོན་གྱི་ཁག་ཁུར་བྱེད་ཕྱོགས་ལ་སྐུལ་མ་བཏང་། དུས་ལྟར་བགྲོ་གླེང་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། ཏང་འཛུགས་བྱ་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན་ལ་ནན་ཏན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ལ། ཏང་འཛུགས་ལས་དོན་མཉམ་སྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་། ཏང་རྟགས་བཏགས་ནས་ཐོབ་ཐང་གསལ་བར་བྱེད་པའི་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ཏེ། ཏང་ཀྲི་པུའུ་དང་ཏང་ཡོན་སོ་སོས་རང་རྟོགས་སྒོས་འགན་འཁྲི་ཁུར་བ་དང་། ལས་རྐང་སྟེང་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱས་ནས། བཙན་རྫོང་ལྟ་བའི་ནུས་པ་དང་སྔོན་སྐྱོད་དཔེ་སྟོན་ནུས་པ་འདོན་སྤེལ་བྱས།

སྤུས་ཚད་མཐོར་འདེགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། རིམ་པ་ལྟར་འགན་ཁུར་བ་དང་། རིགས་བགར་ནས་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་སྒོས་རིགས་སོ་སོའི་བརྗོད་དོན་གསོ་སྦྱོང་གི་འཛིན་གྲྭ་བསྡུས། གྱོད་དོན་གཙོ་བོའི་ནང་ཁུལ་ཞིབ་དཔྱད་དང་ཕུལ་བྱུང་གྱོད་དོན་དཔྱད་འདེམ་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། འདྲི་གཅོད་དོ་དམ་ཤུགས་དྲག་ཏུ་བཏང་།ཕན་ཚུན་ལ་ཞིབ་བཤེར་དང་སྡུར་བ། སློབ་སྦྱོང་དང་སྐུལ་མ་བྱེད་པའི་བྱ་འགུལ་སྤེལ་ནས། སློབ་སྦྱོང་བརྗེ་རེས་དང་དཔེ་འཛིན་དཔེ་ལྟ་བྱེད་པར་ཤུགས་བསྣན། ཆབ་སྲིད་ཀྱི་ནུས་པ་དང་ཁྲིམས་འཛིན་གྱི་ནུས་པའི་གསོ་སྦྱོང་སྤེལ་བ་གཙོ་གནད་དུ་འཛིན་པའི་རྒྱུན་བསྐྱངས་ལ། བྱེད་ཐབས་སྣ་མང་སྤྱད་ནས་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱས་ཏེ། ལས་བྱེད་པའི་དཔུང་ཁག་གི་ནུས་པ་དང་སྤུས་ཚད་ཇེ་མཐོ་དང་། ཁྲིམས་དཔོན་དང་ལས་བྱེད་པ། ཉེན་རྟོག་པ་བཅས་ཀྱི་ཕྱོགས་བསྡུས་སྤུས་ཚད་དང་ལས་གཉེར་ཆུ་ཚད་མཐོ་རུ་བཏང་།

སྲིད་གཙང་སློབ་གསོའི་ལས་གཞི་ལག་བསྟར་བྱས་ཏེ། བྱེད་ཕྱོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་པའི་བཅོས་སྒྲིག་བྱ་བ་སྤེལ་ནས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དངོས་འབེབས་ལོ་ཡི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་དང་། རྒྱུན་རྣམ་ཅན་གྱི་ཉེན་བརྡའི་སློབ་གསོ་སྤེལ་བ་མ་ཟད། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་མུ་མཐུད་ཇེ་དམ་དུ་བཏང་། ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་སློབ་གསོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་དམིགས་འབེན་འགན་འཁྲིའི་ཡི་གེ་གཏན་འབེབས་དང་འགྲེམས་སྤེལ་བྱས་ཏེ། ཁྲིངས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པ་སུམ་བརྒྱ་དང་བཅུ་དགུ་ལ་ལས་གནས་སྲིད་གཙང་གི་ཡིག་ཚགས་ལས་པ་དང་། སྲིད་གཙང་སེམས་གཏམ་བཤད་པའི་བྱ་འགུལ་སྤེལ་ནས། ཡུན་ཕན་རིང་བཞིན་གྱི་བྱ་བའི་རྐྱེན་སྲོལ་གྲུབ་པར་བྱས།

ལག་ལེན་སྦྱོང་བརྡར་ལས་གཞི་ལག་བསྟར་བྱས། ཏང་འཛུགས་དང་ལས་གཉེར་མཉམ་སྲེས་བྱེད་པའི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཏེ། མཉམ་སྲེས་ཀྱི་འབྲེལ་ཐག་མང་པོ་བསྐྲུན་ལ། སྡེ་ཁག་གང་མང་དང་མཉམ་འཛུགས་མཉམ་བསྐྲུན་བྱས་ནས། དགེ་མཚན་གསབ་རེས་བྱས། ཏང་འཛུགས་བྱ་བ་དང་འདྲི་གཅོད་ལག་བསྟར། གྱོད་ཁུངས་བཅོས་སྐྱོང་། ལག་བསྟར་འགག་སྒྲོལ། མི་རིགས་མཐུན་སྒྲིལ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བཅས་མཉམ་སྒྲུབ་མཉམ་སྤེལ་བྱེད་པར་སྐུལ་འདེད་བཏང་། གཞིས་ཁུལ་དང་རོགས་སྐྱོར་འབྲེལ་གཏུག་བྱེད་ས་མཉམ་སྐྲུན་བྱེད་པར་རོགས་བྱས་ཏེ། སྲིད་ཁྲིམས་དྲིལ་སྒྲོག་དང་། ཁོར་ཡུག་བཅོས་སྐྱོང་། དང་བླངས་ཞབས་ཞུ་སོགས་ཀྱི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།