ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གཅིག་འདོམས་ནུས་པ་འདོན་སྤེལ་གང་ལེགས་དང་། བྱེད་ཐབས་སྣང་མང་བསྡུ་ལེན་བྱས་ཏེ། ཚོང་ཚོགས་དང་མཐུན་ཚོགས་སོ་སོ། ཁོངས་གཏོགས་ཁེ་ལས་སོགས་ལ་རྩ་འཛུགས་སྣེ་ཁྲིད་བྱས་ནས་ཧུར་ཐག་གིས་ཞུགས་སུ་བཅུག་པས། ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུན་ནུས་ལྡན་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་དར་སྤེལ་གཏོང་བའི་འགུལ་སྐྱོད་ཐད་བཏོན་པའི་མཆན་བཀོད་དགོངས་དོན་གལ་ཆེན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་བཅས་དང་མཉམ་འབྲེལ་གྱིས་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་སྡེ་བ་དང་ཁེ་ལས་མཉམ་སྡེབ་མཉམ་སྐྲུན་གྱི་འགུལ་སྐྱོད་བརྡ་སྦྱོར་འགྲེམས་སྤེལ་བྱས་ཏེ། རོགས་སྐྱོར་དགོས་མཁོ་དང་། ཐོན་ཁུངས་ངེས་གནས། རྣམ་གྲངས་མཉམ་ལས། མཉམ་བསྲེས་འཕེལ་རྒྱས། ཁྱད་ལྡན་ལས་དོན་བཅས་གསལ་ཁྲ་ལྔ་བཙུགས་ཏེ། བྱ་བའི་ཚད་ལྡན་རང་བཞིན་དང་གནད་ཁེལ་ཚད་ཇེ་མཐོར་བཏང་།
དམངས་གཉེར་ཁེ་ལས་དང་གྲོང་གསེབ་དར་སྤེལ་གྱི་རྒྱལ་ཁབ་གཙོ་གནད་རོགས་སྐྱོར་རྫོང་གི་རྟོག་ཞིབ་བྱ་བ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་ཁྲོད་དུ་ཚོང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ལག་བསྟར་ཇུས་གཞི་སོགས་བྱེད་ཐབས་གཏན་འབེབས་བྱས་ནས། འགུལ་སྐྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཁེ་ལས་བརྒྱ་ཡིས་སྡེ་བ་དར་སྤེལ་གཏོང་བའི་འགུལ་སྐྱོད་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་རྩ་འཛུགས་སྒོས་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་གཏོགས་ལས་ཁུངས་དང་། དཔེ་མཚོན་ཁེ་ལས་དང་ཚོང་ཚོགས་ཁ་ཤས་ཀྱི་འགན་ཁུར་མི་སྣ་བཅས་གསོ་སྦྱོང་ལ་ཞུགས་པ་དང་། སྟོབས་ཤུགས་གཅིག་སྡུད་དང་མཉམ་ཤུགས་གྲུབ་པར་བྱས་ནས་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་རོགས་འདེགས་བྱས།
ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་ཁྲོད། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ཀྱིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ལ་དམིགས་པར་སྣེ་ཁྲིད་བྱས་ཏེ། རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ལ། ས་གནས་དབུལ་ཐར་མང་ཚོགས་ལས་ཞུགས་བྱེད་པར་རོགས་རམ་བྱས། གཙོ་གནད་རོགས་སྐྱོར་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུན་ནུས་ལྡན་བྱེད་པར་ནུས་ཤུགས་བཏོན།
2023ལོའི་ཟླ་དྲུག་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་དམངས་གཉེར་ཁེ་ལས་བརྒྱ་དང་རེ་གཅིག་གིས་རྣམ་གྲངས་གཏོང་འཇོག་དང་སྤྱི་ཕན་ཞལ་འདེབས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱལ་ཁབ་གཙོ་གནད་རོགས་སྐྱོར་རྫོང་བཅོ་ལྔ་ཡི་གྲོང་གསེབ་དར་སྤེལ་བྱ་བའི་ཁྲོད་ཞུགས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་ལྔ་བཏང་། དམངས་གཉེར་ཁེ་ལས་ཀྱི་འགན་འཁྲི་ཁུར་སེམས་དང་གཟི་བརྗིད་ཚོར་སྣང་ལ་སྐུལ་སློང་བྱེད་ཆེད། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔེ་མཚོན་དཔེ་གཞི་བསྐྲུན་པ་དེ་བྱ་བར་སྐུལ་འདེད་གཏོང་བའི་འགག་རྩ་རུ་འགྱུར་བར་བྱས་ནས། ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་རྩ་འཛུགས་བྱས་ཏེ་དཔེ་མཚོན་དཔེ་གཞི་བསྐྲུན་པའི་བྱ་བ་བསྒྲུབས་པས། དམངས་གཉེར་ཁེ་ལས་རིགས་ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ནས། འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།