མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་དབྱང་ཏང་གི་སློབ་གྲྭས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-14 16:54:02 

ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་དམ་པོར་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ཆེན་མོ་དང་གྲ་སྒྲིག་ཆེན་མོ། རྟོག་ཞིབ་ཆེན་མོ། ཞིབ་འཇུག་ཆེན་མོ་བཅས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སློབ་ཁྲིད་ཚན་ཞིབ་ཆུ་ཚད་སྔར་ལས་མཐོ་རུ་ཏན་ཏིག་བཏང་སྟེ། ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྒུལ་ཤུགས་ཆེན་པོ་བསྣན།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས། “སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་སྐྲུན་པ་དང་རྩ་བ་ཇེ་བརྟན་དུ་གཏོང་བའི”ཐད་ཤུགས་བསྣན་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ནས། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་རབ་དང་རིམ་པ་གཉེར་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ངེས་ཅན་ལྡན་པའི་ཆེད་ལས་སློབ་ཁྲིད་དགེ་རྒན་བཅུ་བཞི་ཡིས་སྤུས་ལེགས་ཀྱི་སློབ་ཚན་རབ་དང་རིམ་པ་ཁྲིད་པའི་དབང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྙིང་བཅུད་མ་ལག་ཆ་ཚང་བའི་སྒོ་ནས་མཚོན་པར་བྱས།

དད་སེམས་ངོ་མ་ཇེ་བརྟན་དུ་བཏང་ནས་གཞི་རྩའི་ནུས་པ་ཇེ་ལེགས་སུ་བཏང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས་རྩ་འཛུགས་བྱས་ནས། སློབ་གྲྭའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་སྣེ་ཁྲིད་པའི་སློབ་གྲྭ་ཡོངས་ཀྱི་ཐུན་མོང་སློབ་ཁྲིད་གྲ་སྒྲིག་ཡག་པོ་བྱས་པ་ལས་གཞན། ཧྥུའུ་ཅན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་སོགས་ཞིང་ཆེན་མང་པོར་ཆེད་དོན་རྟོག་ཞིབ་བྱས་ནས། ལས་གཞི་སོ་དགུར་ཆེད་དོན་རྟོག་ཞིབ་ལས་དོན་སྤེལ་ཏེ། དགེ་རྒན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་ཆ་རྫོགས་པར་བཤད་པ་དང་སློབ་ཁྲིད་བྱས་པ་ཡང་དག་པ། སློབ་ཁྲིད་བྱས་པ་གཏིང་ཟབ་པ། གནད་ལ་འཁེལ་བའི་སྒོ་ནས་སློབ་ཁྲིད་བྱེད་པ་བཅས་ཀྱི་འཇོན་ཐང་ངོ་མ་ཆེ་རུ་བཏང་བར་མ་ཟད། ལས་སྒོའི་མཛུབ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཏང་གི་སློབ་གྲྭའི་སློབ་གཙོ་དང་དང་རྒྱུན་ལས་སློབ་གཙོ་གཞོན་པ་ཚང་མར་ཁྱབ་པའི་སྒོ་ནས་ཟབ་སྦྱོང་བྱས།

ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་འདི་གོ་སྐབས་སུ་བརྩིས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཞིབ་འཇུག་དང་འཆད་འགྲེལ་སོགས་ཀྱི་ཐད་ཤུགས་བསྣན་ནས། གཞི་ཚུགས་ཐུབ་པར་བྱེད་པ་དང་སློབ་སྦྱོང་བྱས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་པར་བྱེད་པ། དོན་སྙིང་གལ་ཆེན་ལྡན་པ་བཅས་ཀྱི་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་གྲུབ་པར་བྱས་ནས། ཞིབ་འཇུག་གི་གྲུབ་འབྲས་མང་པོ་ཞིག་སློབ་ཁང་སློབ་ཁྲིད་ཀྱི་ནང་དོན་དུ་བསྒྱུར།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།