ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་སྡེ་ཚོགས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། གནད་དོན་དངོས་ཐག་གཅོད་དང་གནད་དོན་ཐག་གཅོད་ཡང་དག་བྱེད་པའི་ཐད་ཤུགས་བསྣན་ཏེ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་བར་མ་ཟད། མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་གྱི་རང་བརྟེན་ཞིབ་བཟོ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་གོ་མཁའ་འགྲུལ་གྱིས་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་རང་བརྟེན་ཞིབ་བཟོ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུར་ཚོད་འཛིན་ཐེབས་པའི་དཀའ་གནད་དང་མི་འདང་ས། འགལ་རྐྱེན་བཅས་ལ་དམ་པོར་དམིགས་ནས་བཟོ་དབྱིབས་ཞིབ་བཟོ་དང་ལག་རྩལ་གསར་གཏོད། སྤུས་ཚད་མཐོར་གཏོང་། ཁེ་ལས་བཅོས་སྒྱུར་སོགས་ཕྱོགས་དགུའི་ཐད་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་གཏིང་ཟབ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་། སྒུལ་བྱེད་འཕྲུལ་འཁོར་སྒྲིག་སྦྱོར་འཁོར་ཁང་དང་ཚོད་ལྟའི་རྟེན་གཞི་སོགས་ལས་ཡུལ་དངོས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། ཁྱོན་བསྡོམས་ཞིབ་ཕྲའི་གནད་དོན་སུམ་སྟོང་ལྷག་ཐག་གཅོད་བྱས།
མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་གྱི་འདེད་གཏོང་གྲུ་ཚང་ནི་གནམ་གྲུ་ཆེ་གྲས་ཀྱི་འགག་རྩའི་ལྟེ་གནད་ལྷུ་ལག་གི་གྲས་ཤིག་ཡིན་པ་དང་། དེའི་དགོས་མཁོ་སྐོང་ཆེད་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་གྱི་མཉམ་འབྲེལ་ལེགས་ཆ་ལྡན་པའི་ཁེ་ལས་ཀྱིས་འདེད་གཏོང་གྲུ་ཚང་བཟོ་བའི་རྟེན་གཞི་དངོས་སུ་བསྐྲུན། མཁའ་འགྲུལ་འཁོར་རྟེན་ནི་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་གྱི་བློ་གཏད་ཆོག་པའི་ལྷུ་ལག་གལ་ཆེན་ཞིག་ཡིན་པ་དང་། རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་པ་བརྒྱུད། གཞི་ནས་ཀྲུང་གོ་མཁའ་འགྲུལ་ཚད་ཡོད་ཀུང་ཟིས་སྔོན་ཐོན་གྱི་མཁའ་འགྲུལ་འཁོར་རྟེན་ལག་རྩལ་གསར་གཏོད་ལྟེ་གནས་བཙུགས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་ཁྱད་དུ་སེལ་ཡོད།
གོམ་སྟབས་རྗེས་མར་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས། མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ལས་དོན་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི”ཆེད་དོན་བྱ་སྤྱོད་རྒྱ་ཁྱབ་ངང་སྤེལ་ནས། མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་རང་བརྟེན་ཞིབ་བཟོའི་ལས་དོན་ལ་ཚོད་འཛིན་བཟོ་བའི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་རྒྱུ་རེད།