གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོ་དང་བྱ་བ་སྐུལ་འདེད་གཏོང་བ་གཉིས་མཉམ་བསྲེས་ཟབ་མོ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ལ། ཚོང་གཉེར་ཁོར་ཡུག་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཅོས་བསྒྱུར་གྱི་དམིགས་འབེན་ལས་འགན་གཙིགས་འཛིན་བྱས་པ་དང་། ཚོང་ར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལ་རྐང་བཙུགས་ལ། རྟོག་ཞིབ་ལ་ཤུགས་བསྣན་པ་དང་། ལམ་ལུགས་འཛུགས་སྐྲུན་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ལ། ཚོང་དོན་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལག་བསྟར་ཇུས་གཞི་སྒྲིག་བཟོ་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚོང་ར་ལྟ་སྐུལ་དོ་དམ་མ་ལག་གིས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ཐད་ཤུགས་དང་ལྡན་པའི་ལམ་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
ཚོང་གཉེར་གཙོ་གཞི་ཚོང་རར་འཇུག་པ་དང་ཚོང་གཉེར་ཆོག་མཆན་འགོད་པར་དམིགས་ནས། ལས་རིམ་ཇེ་ཉུང་དུ་གཏོང་བ་དང་རྒྱུ་ཆ་ཇེ་ཉུང་དུ་གཏོང་བ། མ་རྩ་ཇེ་ཉུང་དུ་གཏོང་བ། དུས་ཚོད་ཇེ་ཐུང་དུ་གཏོང་བའི་གནད་འགག་གཙིགས་འཛིན་བྱས་ལ། ཡུལ་དངོས་ནས་བསྒྲུབ་པ་དང་ཐེངས་གཅིག་ལ་བསྒྲུབ་པ། དུས་བཀག་ལྟར་བསྒྲུབ་པ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། གཅིག་བསྡུས་སྒོས་བསྒྲུབ་པ་དང་ཉེ་ས་ནས་བསྒྲུབ་པ། དྲ་ཐོག་ནས་བསྒྲུབ་པ། ཡུལ་གཞན་ནས་བསྒྲུབ་པ་མངོན་འགྱུར་བྱས་ལ། ཚོང་གཉེར་གཙོ་གཞི་ཐོ་འགོད་དང་དོ་དམ་བྱེད་པར་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱི་བྱ་བ་གཅིག་བསྒྲུབ་པ་དང་དྲ་ཐོག་ནས་བསྒྲུབ་པ་དང་ལག་ཁྱེར་ཁ་པར་སྟེང་བསྒྲུབ་པ། སྒེའུ་ཁུང་གཅིག་ནས་བསྒྲུབ་པ། ཐེངས་གཅིག་ལ་་བསྒྲུབ་པ་བཅས་མངོན་འགྱུར་བྱས་ལ། འགྲོ་ལུགས་བསྒྲུབ་པའི་དུས་ཡུན་ཉིན་ཉི་ཤུ་ལྷག་ནས་ཉིན་བཅོ་བརྒྱད་དུ་ཇེ་ཉུང་དུ་བཏང་།