མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-14 16:54:20 

ཟླ8པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས་འཕེལ་རྒྱས་ཀྱི་གནད་དོན་ཐག་གིས་བཅད། བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བ་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོ་དང་མཉམ་དུ་འདྲེས་པར་བྱས་ནས། གཞི་མཐུན་མཉམ་འདྲེས་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚད་ལེན་བྱས། 

རང་ཞིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་དམ་དུ་སྦྲེལ་ནས། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ནང་མཁོ་རྒྱ་སྐྱེད་དེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ལྡན་སྒུལ་ནུས་གྲུབ་པར་བྱས། ལག་རྩལ་གསར་སྐྲུན་གྱི་རྣམ་གྲངས་ལྔ་བཅུ་ལག་ལེན་རྩ་འཛུགས་བྱས་ནས། ལག་རྩལ་གྱི་གཙོ་གནད་འགག་སྒོ་བརྟོལ་བར་ཤུགས་བསྣན་ཏེ། རིགས་སོ་སོའི་ཚན་རྩལ་རྣམ་གྲངས་ལྔ་བཅུ་ལ་གྲུབ་འབྲས་ཐོབ་པ་མ་ཟད། དཀྱིལ་སྙིང་འགྲན་རྩོད་དང་འདོན་སྤྲོད་སྤུས་ཀ་མཐོར་འདེགས་སུ་བཏང་། 

གྲོང་གསེབ་དར་སྤེལ་ཐད་ཀྱི་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་ནས། ཆུ་ཚད་མཐོ་བའི་དངོས་འབེབ་ཀྱི་བྱེད་ཐབས་དེ་སྡེ་བའི་ནང་བཀོལ་ཏེ། ནས་དང་ནོར་གནག བོད་ལུག་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འདྲེས་པར་བྱས་ཏེ། འཕེལ་རྒྱས་ཁྲོད་དུ་འགན་སྲུང་ལ་རོགས་འདེགས་དང་དམངས་ཕན་ལེགས་སྒྱུར་བྱེད་པར་ཤུགས་བསྣན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།