མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-14 16:54:20 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཀྲུང་དབྱང་གི་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་སྐོར་གྱི་བརྡ་སྦྱོར་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་དམ་དུ་དམིགས་ནས། རིགས་སོ་སོའི་མང་ཚོགས་དང་དགོན་སྡེ་ལྷ་ཁང་། ཚོང་ཚོགས་མཐུན་ཚོགས་སོགས་གཞི་རིམ་ཡུལ་དངོས་སུ་སོང་ནས་བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་ཏང་གི་གསར་གཏོད་གཞུང་ལུགས་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ། མང་ཚོགས་བར་གྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། འགན་སྒྲུབ་ཀྱི་ནུས་པ་ཇེ་མཐོར་གཏོང་བ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བྱ་བའི་གནས་ཚུལ་དངོས་གཙིགས་འཛིན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གིས་བཏོན་པའི་ཕྱོགས་བཅུ་གཉིས་ཐད་ཀྱི་རྟོག་ཞིབ་ནང་དོན་ལྟར། རྟོག་ཞིབ་ཀྱི་བརྗོད་གཞི་ང་གཉིས་གཏན་ཁེལ་བྱས། པུའུ་ཡི་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་ལས་སྒོའི་གཞུང་སྒྲུབ་ཁང་གིས་གཞོགས་འདེགས་བྱེད་པའི་རྟོག་ཞིབ་རྐྱེན་སྲོལ་བཙུགས་པ་དང་། པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པར་བརྟེན་ནས་གཞི་རིམ་ཡུལ་དངོས་དང་དགོན་སྡེ་ལྷ་ཁང་། ཁེ་ལས་ཚོང་ཚོགས། མཐོ་རིམ་སློབ་གླིང་དུ་སོང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་སོགས་བརྗོད་གཞི་གཙོ་བོ་ལ་དམིགས་ནས་རྟོག་ཞིབ་ནན་མོར་སྤེལ་བ་དང་བསམ་གཞིགས་ཟབ་མོ་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་སུ་གནས་པའི་གནད་དོན་གཙོ་བོ་དང་དཀའ་གནད་ཐག་བཅད་དེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་། དཔེར་ན་ཞིང་ཆེན་ཁོངས་གཏོགས་རྒྱལ་དབང་ཁེ་ལས་ཀྱི་ཏང་ཕྱིའི་ཤེས་ཡོན་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནས་བབ་ལ་རྒྱུས་ལོན་བྱེད་པའི་རྟོག་ཞིབ་ཁྲོད། མཚོ་སྔོན་པོའི་ཚྭ་མཚོའི་བཟོ་ལས་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་ཐོད་བརྒལ་བྱེད་ས་རུ་བྱས་པ་དང་། བྱ་བའི་ཞན་ཆ་འཚོལ་བ། ཏང་ཕྱིའི་ཤེས་ཡོན་པའི་མནའ་འབྲེལ་ཚོགས་པ་འཛུགས་པར་ཁྲིད་སྟོན་བྱས་ལ། ཤེས་ལྡན་མི་སྣའི་དཔུང་སྡེའི་ཆ་འཕྲིན་མཛོད་བཙུགས་པ་དང་། འཐུས་ཚབ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས་ལ། ཆབ་སྲིད་བསམ་བློའི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་བ་དང་། སེམས་ཤུགས་གཅིག་ཏུ་བསྡུས་ནས། ཞིང་ཆེན་ཁོངས་གཏོགས་རྒྱལ་དབང་ཁེ་ལས་ཀྱི་ཏང་ཕྱིའི་ཤེས་ཡོན་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་མཐོར་འདེགས་གཏོང་ཆེད་རྣམ་པ་གསར་བ་བསྐྲུན།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། གྲུབ་འབྲས་བསྒྱུར་བར་དོ་སྣང་བྱས་ལ། ཡུལ་དངོས་རྟོག་ཞིབ་དང་བཞུགས་མོལ་གླེང་མོལ། བརྟག་བཤེར་རྒྱུགས་ལན་སོགས་ཀྱི་རྣམ་པ་བརྒྱུད་དེ། གནད་དོན་གོ་གསུམ་རྙེད་པ་དང་། སྲིད་ཇུས་བྱེད་ཐབས་བརྒྱ་དང་སོ་དྲུག་གཏན་འབེབས་བྱས་ལ། རྟོག་ཞིབ་སྙན་ཞུ་ཉེར་དྲུག་ཡོངས་འགྲུབ་བྱས། གོ་རིམ་རྗེས་མར། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཞིབ་འཇུག་བྱས་ནས་གྲུབ་པའི་བྱེད་ཐབས་ལ་དམིགས་ནས་རྟོག་ཞིབ་གྲུབ་འབྲས་ཚུལ་སྒྱུར་དང་བཀོལ་སྤྱོད་བྱེད་པ་དང་། དེ་དང་མཉམ་དུ། རྟོག་ཞིབ་གྲུབ་འབྲས་ལམ་ལུགས་ལག་བསྟར་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། གྲུབ་འབྲས་ལག་བསྟར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།