མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-10 17:49:00 

ཁྲིམས་དང་ཞུ་གཏུག་ལ་འབྲེལ་བའི་འཕྲིན་བཅར་བྱ་བ་ནི་ང་ཚོ་ཏང་གི་མང་ཚོགས་ཀྱི་བྱ་བ་གལ་ཆེན་དང་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོའི་གནད་དོན་ལྟ་བཤེར་དག་ཐེར་ལེགས་བཅོས་བྱེད་པའི་ཁྲོད་དུ། ཆ་འཕྲིན་ཅན་གྱི་ལས་ཀའི་སྟེགས་བུ་འཛུགས་སྐྲུན་བྱེད་པ་ནས་བཟུང་། འགོ་ཁུངས་བཅོས་སྐྱོང་དང་མཁྲེགས་གཏོར་དབྱེ་འབྱེད་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས། རང་ཞིང་གི་ཁྲིམས་འབྲེལ་གཏུག་འབྲེལ་གྱི་འཕྲིན་བཅར་བྱ་བ་རིག་ནུས་ཅན་དུ་སྒྱུར་བའི་ཆུ་ཚད་མི་འདང་པ་དང་། གྱོད་དོན་སྒྲུབ་པའི་ལས་ཕྱོད་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ཕྱོགས་ནས་གནད་དོན་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཕན་ཁེ་ལ་སྲུང་སྐྱོང་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བཏང་། 

རྟོག་ཞིབ་དཔང་ལེན་གྱི་རྨང་གཞིའི་སྟེང་དུ། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྲིད་ཁྲིམས་བྱ་བ་དེ་སྡེ་ཁག་ལས་བརྒལ་བའི་གཞི་གྲངས་ཆེན་མོའི་གྱོད་སྒྲུབ་སྟེགས་བུ་ལ་བརྟེན་ནས། འཕྲིན་བཅར་བྱ་བའི་མ་ལག་གི་འཁོར་བསྐྱོད་གྲུབ་པར་བྱས་ཤིང་། གློག་རྡུལ་ཅན་གྱི་དོ་དམ་དང་། དྲ་རྒྱ་ཅན་གྱི་འཁོར་བསྐྱོད། གྱོད་དོན་ཐོ་འགོད་དང་གྱོད་སྒྲུབ། ཚུར་སྣང་བཅས་འཁོར་ཚིགས་ཚང་མ་ཚད་ལྡན་དུ་བཏང་། གྱོད་སྒྲུབ་ཀྱི་རེ་བ་དང་དུས་ཚོད་གསལ་བོར་བཟོས་ཤིང་། གྱོད་དོན་གྱི་རང་བཞིན་དང་བྲེལ་མྱུར་གྱི་ཚད་ཐིག་གཞིར་བཟུང་ནས། དུས་ཚོད་དང་པོའི་ནང་དུ་ཐག་གཅོད་བྱས་ཏེ། གྱོད་དོན་རྗེས་སུ་བསྐྱུར་པའམ་འཐུས་ཤོར་བྱུང་དུ་གཏན་ནས་མ་བཅུག 

ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཀྱི་ཁྱོན་ཡོངས་དགོངས་དོན་ལག་བསྟར་མཐིལ་ཕྱིན་བྱས་ནས། འཕྲིན་བཅར་བྱ་བའི་འབུར་ཐོན་གནད་དོན་ཐོ་འགོད་དང་། འགན་འཁུར་ནན་དཀྲི། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་གཏན་འབེབ་ཇུས་གཞི་ལ་ལྟ་སྐུལ་བྱས་ནས། འཕྲིན་བཅར་བྱ་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱས་པ་དང་། འཕྲིན་བཅར་གྱོད་དོན་གཙོ་བོའི་དཀའ་གནད་ཁྲིམས་ལྟར་ཐག་གིས་བཅད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།