མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།
མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ནས། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ཏང་ཙུའུ་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུས་གཏིང་ཟབ་དང་དངོས་གཉེར། ཞིབ་ཕྲ། ཡང་དག ཕན་ལྡན་བཅས་རྒྱུན་འཁྱོངས་བྱས་པ་དང་། གནད་དོན་ལ་དམིགས་ནས་འགྲོ་བ་དང་རྒྱུགས་ལན་ཁྱེར་ནས་ཕྱིར་ཡོང་བ་རྒྱུན་འཁྱོངས་བྱས་ལ། ཡུལ་དངོས་སུ་སོང་ནས་དཔེ་གཞི་ལ་དབྱེ་ཞིབ་བྱས་པ་དང་། བཟོ་ལས་ཆ་འཕྲིན་ཅན་དང་རྒྱལ་དབང་རྒྱུ་ནོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ཡང་དག་ལ་ཞིབ་འཇུག་དང་ལག་བསྟར་བྱས། མིག་སྔའི་བར་དུ། ཚན་ཁག་ཁོངས་མིས་རྟོག་ཞིབ་ཀྱི་བརྗོད་གཞི་བཅུ་གཅིག་ངོས་ལེན་བྱས་ནས་རྟོག་ཞིབ་བྱས་པ་དང་། རྟོག་ཞིབ་ཐེངས་སོ་དགུ་སྤེལ་ནས། རྟོག་ཞིབ་སྙན་ཞུ་བཅུ་གཅིག་གྲུབ་པར་བྱས།
ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ཏང་ཙུའུ་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུས་ཞིབ་འཇུག་ཐད་ནས་ཕྱོགས་ཡོངས་ལ་བལྟ་བ་དང་སྤྱི་ཁོག་ལ་བལྟ་བ། བྱུང་རིམ་ལ་བལྟ་བར་དམིགས་ནས། རྟོག་ཞིབ་བྱས་ནས་རྒྱུས་ལོན་བྱུང་བའི་རྒྱུ་ཆ་དང་པོར་དབྱེ་ཞིབ་རྩོད་སྒྲུབ་བྱས་པ་དང་འགོ་ཁུངས་དང་རྒྱུ་རྐྱེན་བཙལ། གནད་དོན་ལ་དམིགས་ནས་བར་ཐག་འཚོལ་བ་དང་མི་འདང་སར་བལྟ་བ། ཉམས་ཞན་སར་བལྟ་བ་དང་། སྣང་འཆར་གནད་དོན་ལ་རྐང་བཙུགས་ནས། འབྱུང་གནས་དང་གནད་དོན་གྱི་ཤུགས་འདོན་ས་བཙལ་བ་དང་། འགལ་རྩོད་གཙོ་བོ་དང་འགལ་རྩོད་ཀྱི་ཕྱོགས་གཙོ་བོ་དང་གཏན་ཚིགས་གྲུབ་རྐྱེན་གཙིགས་སུ་བཟུང་སྟེ། གསར་གཏོད་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་། དཔེ་མཚོན་ཉམས་མྱོང་སྤྱི་སྡོམ་བྱས་ལ། གནད་དོན་དངོས་སུ་ཐག་བཅད། བསམ་བློ་གསར་བ་ཚད་གཞིར་འཛིན་པ་དང་འདུ་ཤེས་གསར་བས་མཛུབ་ཁྲིད་བྱེད་པ། འཐབ་ཇུས་གསར་བས་སྐུལ་འདེད་གཏོང་བ། རྣམ་པ་གསར་བས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། དབྱེ་ཞིབ་ཟབ་མོ་དང་ཞིབ་སྡུར་ཟབ་མོ་བྱས། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་རྒྱུས་ལོན་བྱུང་བའི་ཆོས་ཉིད་དང་བྱེད་ཐབས་བཏོན་དེ། རྟོགཞིབ་ཁྲོད་རྙེད་པའི་གནད་དོན་ཐག་གཅོད་པ་དང་ཟུང་འབྲེལ་བྱས་ནས། གནད་དོན་ལ་ལྟ་ཞིབ་བྱེད་ཕོད་པར་བྱས་པ་དང་གནད་དོན་ཐག་བཅད། མིག་སྔའི་བར་དུ། བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྟག་བཤེར་ཞིབ་འཇུག་བརྒྱུད་དེ་གནད་དོན་སོ་དྲུག་རྙེད་པ་དང་། གནད་དོན་ཉེར་གཅིག་དངོས་སུ་ཐག་བཅད།
གནད་དོན་ཐག་གཅོད་རྒྱུ་དེ་བརྟག་བཤེར་ཞིབ་འཇུག་གི་མགོ་རྩོམ་ས་དང་རྐང་འཛུགས་ས་རུ་བརྩིས་པ་དང་། རྟོག་ཞིབ་གྲུབ་འབྲས་དེ་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་གོ་རིམ་ཁྲོད་ཚུལ་བསྒྱུར་བྱས་ལ། རང་ཞིང་གི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། སྡེ་ཁག་དང་ཁེ་ལས་བཅས་ལ་མཐུན་སྦྱོར་བྱས་ནས་ཀྲུང་དབྱང་གི་ཁེ་ལས་ཉེར་གསུམ་དང་མཉམ་ལས་ལས་གཞི་གོ་བདུན་གྱི་གྲོས་མཐུན་བཀོད་པ་དང་། གྲོས་བཀོད་མ་དངུལ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བཞི་དུང་ཕྱུར་བཞི་ལ་སླེབས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བཞི་པའི་སྟེང་མཉམ་ལས་ལས་གཞི་བརྒྱ་དང་ཉེར་བརྒྱད་ཀྱི་གྲོས་མཐུན་བཀོད་པ་དང་། གྲོས་བཀོད་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་དྲུག་ལ་སླེབས། བཟོ་ལས་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཚུལ་བསྒྱུར་བྱས་པ་དང་། ལོ་སྟོད་ལ་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་གྲངས་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར་སྣོན་བྱུང་ལ། ཕལ་བའི་རང་བཞིན་གྱི་བཟོ་ལས་དངུལ་གཏོང་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་དང་གྲངས་ཆུང་བཞི་འཕར་སྣོན་བྱུང་། རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་མཐོར་འདེགས་ཟབ་སྤེལ་འགུལ་སྐྱོད་ཁྲོད་ཚུལ་བསྒྱུར་བྱས་པ་དང་། ཟླ་དྲུག་པའི་ཟླ་མཇུག་བར་དུ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་བཅུ་དགུ་ཡི་རྒྱུ་ནོར་སྤྱིའི་གྲངས་སྒོར་ཁྲག་ཁྲིག་ལྔ་དང་ཐེར་ཆེན་བཞི་ཐེར་འབུམ་ལྔ་དུང་ཕྱུར་དགུ་ལྷག་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བདུན་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་། དེ་དང་མཉམ་དུ། ཞིབ་འཇུག་གང་ལེགས་བྱས་པ་དང་ཕན་པ་ལྡན་ཞིང་གོ་ཆོད་པ། ཁ་གཏད་རང་བཞིན་ཆེན་པོ་ལྡན་པ། ཅུང་ཆ་ཚང་བའི་རྟོག་ཞིབ་གྲུབ་འབྲས་དེ། དུས་ཐོག་ཏུ་སྲིད་ཇུས་བྱེད་ཐབས་དང་ལམ་ལུགས་བྱེད་ཐབས། ཇུས་ཆོད་གྲོས་གཞི་རུ་བསྒྱུར། མིག་སྔའི་བར་དུ། ལམ་ལུགས་ཡིག་ཆ་ཉི་ཤུ་གཏན་འབེབས་བྱས་པ་དང་། དམངས་ཚིས་དོན་དངོས་སོ་དྲུག་བསྒྲུབས་ལ། ཉམས་མྱོང་བྱེད་ཐབས་དགུ་ཁྱབ་གདལ་དུ་བཏང་།