བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྤྱི་བདེ་ཐིང་གིས་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བའི་བྱ་འགུལ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་ཞུ་གཏུག་བྱེད་སྐབས་སུ་ཁྲིམས་འཛིན་གསལ་འབྱེད་དཀའ་བ་དང་། ཞང་ཀང་དང་ཨོ་མིན་སྡོད་དམངས་ཀྱིས་ལམ་ཡིག་འགྲོ་ལུགས་སྒྲུབ་དཀའ་བ། གཞི་རིམ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་སྒྲིག་ཆས་ཆ་ཚང་མིན་པ། གློག་རྡུལ་ཡིག་ཆའི་མཉམ་སྤྱོད་སྟབས་བདེ་མིན་པ། ཉེན་རྟོག་པར་དགའ་ཞེན་དང་དྲོལ་ཁོལ་སྐྱེལ་བའི་བྱེད་ཐབས་ཚད་ལྡན་མིན་པ་སོགས་ཀྱི་འགག་རྩ་ཡང་དག་པར་བཙལ་ནས། དོན་དངོས་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་འབོད་སྐུལ་ལ་ལན་བཏབ་པ་དང་གཞི་རིམ་གྱི་དགོས་མཁོ་བསྐངས་ཏེ། ལག་ལེན་གཙོར་འཛིན་པའི་བླང་བྱ་དངོས་སུ་དོན་འཁྱོལ་བྱས།
མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གི་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱིས་ཁྲིམས་འཛིན་གསལ་འབྱེད་བྱ་བའི་དོན་སྙིང་གལ་ཆེན་དང་འབྲེལ་ཡོད་ཀྱི་སྲིད་ཇུས་གཏན་འབེབས་རྒྱ་ཆེར་དྲིལ་སྒྲོག་དང་འགྲེལ་ཀློག་བྱས། ཁྲིམས་འཛིན་གསལ་འབྱེད་ཞབས་ཕྱིའི་ཐབས་ལམ་ཁྱབ་བསྒྲགས་དང་ཁྲིམས་འཛིན་འདྲི་རྟོག་གི་རིན་མེད་ཞབས་ཞུ་སྒྲུབ་པ། དཀའ་ཁག་ཅན་གྱི་མང་ཚོགས་ལ་གསལ་འབྱེད་འགྲོ་སོང་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་དམངས་ཕན་དམངས་བདེའི་བྱེད་ཐབས་གཉིས་བཏོན། ཆེད་ལས་ལག་རྩལ་དང་ཆེད་ལས་རྩལ་ནུས་བཀོལ་ནས་དམངས་ཀྱི་སེམས་ཁུར་སེལ་བ་དང་། དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ། དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བཅས་བྱས་ཏེ། ཁྲིམས་འཛིན་གསལ་འབྱེད་ཀྱི་རོགས་སྒྲུབ་ཞུབས་ཞུས་དཀའ་ཁག་ཅན་གྱི་ཚོགས་ཁག་སྔར་ལས་མང་པོར་ཕན་པ་བསྐྲུན།
ཞིང་ཆེན་སྤྱི་བདེ་ཐིང་མངའ་ཁོངས་འགྲོ་འོང་དོ་དམ་སྡེ་ཁག་གིས་ཞང་ཀང་དང་ཨོ་མིན་གྱི་སྡོད་དམངས་ནང་ལོག་དུ་འགྲོ་འོང་བྱེད་པའི་ལམ་ཡིག་སྲིད་ཇུས་ཀྱི་ཁེ་བཟང་བསྐྲུན་ཏེ། ཞང་ཀང་དང་ཨོ་མིན་གྱི་སྡོད་དམངས་ནང་ལོག་དུ་འགྲོ་འོང་བྱེད་ཆོག་པའི་ལམ་ཡིག་བརྗེ་བ་དང་ཁ་གསབ་བྱེད་པའི་འགྲོ་ལུགས་ཐག་ཉེ་ནས་སྒྲུབ་པ་དང་། ཞང་ཀང་དང་ཨོ་མིན་གྱི་སྡོད་དམངས་ནང་ལོག་དུ་འགྲོ་འོང་བྱེད་པའི་ལམ་ཡིག་གི་ནུས་ལྡན་དུས་ཡུན་ཇེ་རིང་དུ་གཏོང་བ། ཞང་ཀང་དང་ཨོ་མིན་ནས་མཚོ་སྔོན་དུ་ཡུལ་སྐོར་ལ་ཡོང་བའི་ལོ་ལོན་རྒན་གྲས་སོགས་དང་། བྲེལ་མྱུར་དགོས་མཁོ་མི་སྣས་དུས་བཅད་བྱེད་མི་དགོས་པ་དང་ལྗང་མདོག་རྒྱུ་ལམ་སོགས་ཀྱི་བྱེད་ཐབས་བཏོན་པ་བརྒྱུད། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླར་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མངའ་ཁོངས་འགྲོ་འོང་དཔང་ཡིག་སྟབས་བདེ་ཅན་བཀོལ་བའི་མཉམ་འབྲེལ་རྐྱེན་སྲོལ་ལ་སྐུལ་འདེད་བཏང་བ་དང་། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླས་མཚོ་སྔོན་དུ་བྱ་བ་སྒྲུབ་སྐབས་དང་འཚོ་བའི་ཁྲོད་ཀྱི་དཔང་བཀོལ་དགོས་མཁོར་འགན་སྲུང་ནུས་ལྡན་བྱས།
ཞིང་ཆེན་སྤྱི་བདེ་ཐིང་ཉེན་རྟོག་འགན་སྲུང་སྡེ་ཁག་གིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩི་བ་དང་། བརྟག་དཔྱད་ཞིབ་འཇུག་བྱ་བར་ཟུང་སྦྲེལ་བྱས་ནས། གཞི་རིམ་འཐབ་ཡུལ་དང་པོ་རུ་ཟབ་ཞུགས་བྱེད་པ་དང་། རྒྱུགས་འདྲིའི་རྟོག་ཞིབ་སྤེལ་བ། བཞུགས་མོལ་ཚོགས་འདུ་བསྡུ་བ། ཡུལ་དངོས་བལྟ་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་པས། གཞི་རིམ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་སྒྲིག་ཆས་སྡེབ་སྒྲིག་གནས་བབ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།
ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ་ཉེན་རྟོག་སྡེ་ཁག་གིས་གཞི་རིམ་ལས་ཁུངས་ཀྱི་སྣེ་མང་ཁྱབ་ཁོངས་དང་འཐབ་ཡུལ་དང་པོའི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པ་ཁྱིམ་དང་བར་ཐག་རིང་བ་དང་། ཁྱིམ་ཚང་ལ་དུས་ལྟར་བདག་བྱེད་མི་ཐུབ་པའི་དོན་དངོས་ལ་རྐང་བཙུགས་ནས། ཁ་པར་འབྲེལ་ལམ་བཙུགས་ཏེ་སྣེ་ལེན་འགན་ཁུར་མི་སྣ་བཀོད་སྒྲིག་བྱས་པ་དང་། དུས་ཚོད་དང་པོའི་ནང་གཞི་རིམ་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པའི་ཁྱིམ་ཚང་གི་དཀའ་ངལ་སོགས་ཀྱི་གནད་དོན་རྒྱུས་ལོན་བྱེད་ཐུབ་པར་བྱས་ནས། ཐག་གཅོད་ཇུས་གཞི་གཏན་འབེབས་དང་ཞབས་ཞུ་བྱེད་ཐབས་ལེགས་སྒྱུར་བྱས།