བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོ་དང་བྱ་བར་སྐུལ་འདེད་གཏོང་བ་གཉིས་མཉམ་བསྲེས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། དམངས་བསམ་དམངས་བདེ་དང་དམངས་ཕན་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ལ། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་སྤེལ་ནས། སྟོབས་ཤུགས་ཡོད་རྒུས་བརྟན་འཇགས་དང་མངོན་གསལ། འདྲ་མཉམ། སྔོན་དཔག་བྱེད་ཆོག་པའི་ཚོང་གཉེར་ཁོར་ཡུག་བསྐྲུན།
ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྟོག་ཞིབ་ལ་ཤུགས་བསྣན་པ་དང་། ཚོང་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལག་བསྟར་ཇུས་གཞི་དང་ཚོང་གཉེར་གཙོ་གཞི་ཐོ་འགོད་དོ་དམ་སྲོལ་ཡིག་ལག་བསྟར་བྱེད་པའི་ལག་བསྟར་ཇུས་གཞི་སོགས་སྒྲིག་བཟོ་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་མ་ལག་གིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པའི་ཐད་ཤུགས་དང་ལྡན་པའི་ལམ་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
ཚོང་གཉེར་གཙོ་གཞི་ཚོང་རར་ཞུགས་པ་དང་ཚོང་གཉེར་བྱེད་པ། ཕྱུར་འབུད་པའི་དུས་འཁོར་ཧྲིལ་བོར་དམིགས་པ་དང་། བརྒྱུད་རིམ་ཇེ་ཉུང་དང་རྒྱུ་ཆ་ཇེ་ཉུང་། མ་རྩ་ཇེ་ཉུང་། དུས་ཚོད་ཇེ་ཉུང་དུ་གཏོང་བ་གཙིགས་འཛིན་བྱས་ལ། ས་དེ་ནས་བསྒྲུབ་པ་དང་ཐེངས་གཅིག་བསྒྲུབ་ཚར་བ། དུས་བཀག་ལྟར་བསྒྲུབ་པ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། གཅིག་བསྡུས་སྒོས་བསྒྲུབ་པ་དང་ཉེ་ས་ནས་བསྒྲུབ་པ། དྲ་ཐོག་ནས་བསྒྲུབ་པ། ཡུལ་གཞན་ནས་བསྒྲུབ་ཆོག་པ་མངོན་འགྱུར་བྱས་ལ། ཚོང་གཉེར་གཙོ་གཞིའི་ཐོ་འགོད་མངའ་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་དོན་དག་གཅིག་བསྒྲུབ་པ་དང་དྲ་ཐོག་ནས་བསྒྲུབ་པ་དང་ལག་ཁྱེར་ཁ་པར་ཐོག་ནས་བསྒྲུབ་པ། སྒེའུ་ཁུང་གཅིག་ནས་བསྒྲུབ་པ། ཐེངས་གཅིག་ལ་བསྒྲུབ་པ་མངོན་འགྱུར་བྱས། དོན་དག་བསྒྲུབ་པའི་དུས་ཡུན་དེ་ཉིན་ཉི་ཤུ་ལྷག་ནས་གཟའ་འཁོར་གཉིས་དང་ཕྱེད་ཀ་རུ་ཇེ་ཐུང་དུ་བཏང་།
ལྟ་སྐུལ་དོ་དམ་ཐད་ནས་གསར་གཏོད་བྱས་པ་དང་། ས་གནས་ཀྱི་ཁྱད་ཆོས་དམིགས་ཚད་དང་རྒྱལ་ཁབ་ཀྱི་དམིགས་ཚད་མ་དཔེ་གཉིས་དབྱེ་བ་བཀར་ནས་ཆ་སྡེབས་བྱས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁེ་ལས་ཡིད་རྟོན་ཉེན་ཁའི་རིགས་བགར་མཇུག་འབྲས་གྲུབ་པར་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་དྲུག་བརྒྱའི་ཡིད་རྟོན་ཉེན་ཁར་རང་འགུལ་གྱིས་རིགས་བགར། དུས་བཀག་ལྟར་འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་ལྟ་ཞིབ་དང་འཐེབ་ཞིབ་བྱ་བར་སྤེལ་བ་དང་། ཚོར་ར་གཅིག་གྱུར་དང་འདྲ་མཉམ་འགྲན་རྩོད་ལ་གནོད་བྱེད་པའི་སྲིད་ཇུས་བྱེད་ཐབས་ཕྱིར་འདོན་པར་བཀག་འགོག་བྱས། སྤྱི་ཐུན་ཐོན་ཁུངས་ཀྱི་ཉོ་ཚོང་དང་སྤྱི་སྤྱོད་ཁེ་ལས་དང་ལས་དོན་སྡེ་ཁག་སོགས་གཙོ་གནད་ཁྱབ་ཁོངས་གཙིགས་སུ་བཟུང་ནས། སྲིད་འཛིན་དབང་ཆ་བཀོལ་ནས་འགྲན་རྩོད་མེད་པར་བཟོ་བ་དང་ཚོད་འཛིན་བྱེད་པ་སོགས་ཚོང་གཉེར་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་རྩད་གཅོད་ནན་མོ་བྱས།
སྔ་གཞུག་ཏུ་ཐོ་འགོད་སྟབས་བདེ་ཅན་དུ་བསྒྱུར་བའི་བྱེད་ཐབས་དང་ཚོང་གཉེར་གཙོ་གཞི་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས། ཚོང་གཉེར་གཙོ་གཞིས་ཚོང་གཉེར་བྱེད་མཚམས་འཇོག་པའི་ཐད་ཀྱི་སྙན་སེང་ཐོ་འགོད་བྱེད་ཐབས་སོགས་གཏན་འབེབས་བྱས་ནས་ཕྱིར་བཏོན་པ་དང་། ཕྱོགས་བསྡུས་སྒོས་བྱེད་ཐབས་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་གཙོ་གཞི་རྒྱུན་མཐུད་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ། ཆུ་གློག་རླངས་དྲོད་དང་ལས་རིགས་མཐུན་ཚོགས་ཀྱི་དངུལ་བསྡུ་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། གཙོ་བོར་སྲིད་གཞུང་གི་མཛུབ་སྟོན་བྱས་པའི་རིན་གོང་དང་སྲིད་གཞུང་གཏན་ཁེལ་བྱས་པའི་རིན་གོང་ལག་ཏུ་མི་བསྟར་བ་དང་། ལས་རིགས་དམིགས་བསལ་གོ་གནས་སྤྱད་དེ་བཙན་དབང་གིས་དངུལ་བསྡུ་བ་སོགས་ཀྱི་རིན་གོང་ཁྲིམས་འགལ་སྤྱོད་ཚུལ་ལ་རྩད་གཅོད་ནན་མོ་བྱས་ནས། ཚོང་གཉེར་གཙོ་གཞིའི་ཁུར་བོ་དངོས་སུ་ཇེ་ཡང་དུ་བཏང་། གློག་ཚོང་གཙོ་གཞིར་ཞབས་འདེགས་ཞུས་ནས་གྲོང་གསེབ་དར་སྤེལ་ཐད་ནུས་པ་བཏོན་པ་དང་། ཤེས་བྱའི་ཐོན་དབང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་སྐུལ་འདེད་གཏོང་བར་ཤུགས་བསྣན་ལ། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེར་བཏང་བ་དང་། ཚད་འཇལ་ལག་རྩལ་ལས་ཁུངས་ཀྱི་ནུས་པ་མཐོར་འདེགས་བཏང་ལ། ཁེ་ལས་ཀྱི་ཚད་ལྡན་ལམ་ལུགས་བཅོས་བསྒྱུར་ལག་བསྟར་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།