མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-07 18:25:57 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས“དེང་སྐབས་ཀྱི་གནད་དོན་བཅོས་སྒྱུར”དང“ཡུན་ཕན་ལམ་སྲོལ་འཛུགས་སྐྲུན”ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། མི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་ཕྱོགས་ཡོངས་ནས་འགན་ལེན་ནུས་ལྡན་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོའི་སྒྲིག་སྲོལ་འཛུགས་པ་དང་ཞིང་ཆེན་དམངས་ཆེན་གྱི་ཁྲིམས་འཛུགས་ལས་གཞི་དང་ཟུང་འབྲེལ་བྱས་ཏེ། དངོས་སུ་གཞི་རིམ་དུ་བསྐྱོད་ནས་ཐུམ་འབུའི་ནད་འགོག་བཅོས་ཐད་ཀྱི་ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་དམངས་ཆེན་གྱིས་ཐེངས་དུ་མར་བདེན་སྒྲུབ་དང་བཟོ་བཅོས། འཐུས་ཚང་དུ་གཏོང་བ་བཅས་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྲིད་ཇུས་དང་གྲོས་འགོ་བཏོན།  ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། 《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བར་མ་ཟད། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། སྲོལ་ཡིག་དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་ཁྲོད་ཀྱི་ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན། སྐྱོབ་བཅོས། དེ་བཞིན་ལྟ་སྐུལ་དོ་དམ་བཅས་ཀྱི་བྱེད་སྒོར་གཏན་འབེབས་ཁ་གསལ་བཟོས་ཡོད་ཅིང་། དེ་ནི“རྨ་ཁ་ཆུང་ངུའི”ཁྲིམས་འཛུགས་བརྒྱུད་དེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་པའི་དམངས་ཚིས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

དུས་མཚུངས་སུ། ལམ་སྲོལ་འཐུས་ཚང་དང་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གང་ལེགས་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལས་དོན་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཞིང་། 《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྲོལ་ཡིག》དང་དེ་བཞིན་གསར་དུ་བཟོ་བཅོས་བརྒྱབ་པའི《མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་སྐྱེས་སྲོལ་ཡིག》བཅས་སྔ་རྗེས་སུ་ཡོངས་བསྒྲགས་ལག་བསྟར་བྱས་ནས། མིག་སྔར། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་དགུ་ལ་སླེབས། གཞན་ཡང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ད་དུང“བདེ་ཐང་མཚོ་སྔོན”གྱི་བྱ་སྤྱོད་རབ་དང་རིམ་པར་མུ་མཐུད་སྐུལ་འདེད་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་དང་སྤྱི་པའི་འཕྲོད་བསྟེན། ལས་རིགས་འཕྲོད་བསྟེན་སོགས་ཆེད་ལས་ཀྱི་ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་འཐེན་བཤེར་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་ཤུགས་བསྣན་ལ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་པའི་དབང་གིས། འཕྲོད་བསྟེན་བདེ་ཐང་དང་ཁོངས་གཏོགས་ཀྱི་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀའི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པར་བྱས།


རྩོམ་སྒྲིག་པ།