ཉེ་ལམ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་སྐབས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱ་བའི་གྲུབ་འབྲས་ལ་གོ་རིམ་ལྡན་པའི་སྤྱི་བསྡོམས་བྱས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་གྲུབ་འབྲས་སུ་འགྱུར་བར་བྱས་ནས། འགྲིམ་འགྲུལ་སྟོབས་ལྡན་གྱི་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སྟབས་བདེ་དང་ཕན་འབྲས་མཐོ་བ། ལྗང་མདོག་དང་བདེ་འཇགས། རིག་ནུས་བཅས་ཀྱི་འགྲིམ་འགྲུལ་བསྐྲུན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དམངས་ཚིས་ལེགས་སྒྱུར་དང་། ཐོན་ལས་འཕེལ་རྒྱས། ཕྱི་ཕྱོགས་སྒོ་འབྱེད། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོད་གནས་པའི་འབུར་ཐོན་གནད་དོན་དང་མི་འདང་སར་ལྟ་བ་ཡང་དག་པ་དང་ཞིབ་འཇུག་ཟབ་མོ་བྱས་ཏེ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད་པ། མང་ཚོགས་ལ་སྔར་ལས་སྟབས་བདེ་བསྐྲུན་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་འགན་སྲུང་བྱེད་པ་དང་། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ལྡན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་ལེའུ་ཡག་པོར་འབྲི་བའི་མགོ་བཟང་པོ་ཞིག་བརྩམས།
བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གཅིག་ཅན་དྲུག་གི་བླང་བྱ་ལག་བསྟར་དང་དངོས་འབེབས་ནན་མོ་བྱས་པ་དང་། མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་དོན་དངོས་ལ་རྐང་བཙུགས་པ། ལག་ལེན་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ཟབ་མོ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་བཅས་ལ་དམིགས་ཏེ། གཟབ་ནན་དང་དོན་དངོས། ཡང་དག་དང་གཏིང་ཟབ་བཅས་འབུར་དུ་ཐོན་པར་བྱས་ནས་རྟོག་ཞིབ་བྱ་བར་རྣམ་པ་གསར་པ་ཡོད་པ་དང་། གཞུང་ལུགས་དྲག་ཆས་ལ་གྲུབ་འབྲས་གསར་པ་ཡོད་པ། གནད་དོན་དབྱེ་ཞིབ་ལ་འཕེལ་རིམ་གསར་པ་ཡོད་པ། བྱ་བའི་བྱེད་ཐབས་ལ་བསམ་ཕྱོགས་གསར་པ་ཡོད་པར་བྱས་པས། གོ་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
བརྟག་དཔྱད་ཞིབ་འཇུག་བྱེད་པར་བརྟག་དགོས་པར་མ་ཟད། ལྷག་པར་ཞིབ་འཇུག་དང་བཀོལ་སྤྱོད་ཀྱང་བྱེད་དགོས་པས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྐྱེལ་འདྲེན་ཆོག་མཆན་ཞབས་ཕྱི་ལེགས་སྒྲིག་དང་། འབུར་ཐོན་གནད་དོན་ཐག་གཅོད་པ། མི་དམངས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་བཅས་དང་ཟུང་འབྲེལ་བྱས་ཏེ། བརྗོད་དོན་སློབ་གསོ་དེ་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ཕན་འབྲས་དངོས་རུ་འགྱུར་བར་བྱས་ལ། བརྟག་དཔྱད་ཞིབ་འཇུག་བྱ་བ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དཀའ་གནད་སེལ་བའི་གཞི་རྩ་རུ་འགྱུར་བར་བྱས། མིག་སྔར་དང་རྒྱང་རིང་ལ་གཅིག་གྱུར་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་གི་བྱེད་ཕྱོགས་དང་ཉམས་མྱོང་ནན་ཏན་གྱིས་སྤྱི་བསྡོམས་དང་། བརྟག་དཔྱད་ཞིབ་འཇུག་གི་ཡུན་ཕན་རྐྱེན་སྲོལ་ལེགས་སྒྲིག་བྱས་ལ། བརྟག་དཔྱད་ཞིབ་འཇུག་བྱ་བའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་། དུས་མཉམ་དུ། རྟོག་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་གསེད་དཀྲོལ་དང་། གནད་དོན་གསལ་ཁྲ་བཟོ་བ། མྱུར་དུ་བསྒྱུར་ཐུབ་པ་མྱུར་དུ་ལེགས་སྒྱུར་བྱེད་པ། གནས་སྐབས་ཐག་གཅོད་བྱེད་དཀའ་བར་ཡུན་རིང་དམིགས་སུ་འཛིན་པ། བཅོས་སྒྲིག་ཇུས་གཞི་གཏན་འབེབས་བྱེད་པ། བྱ་བའི་རྩིས་ཐོ་འཛུགས་པ་བཅས་བྱས་ཏེ། གནད་དོན་བཅོས་སྒྲིག་དངོས་འབེབས་དང་ཕན་འབྲས་ལྡན་པར་བྱས།