ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱས་པ་དང་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ལ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་དངོས་ཡོད་བྱེད་ཐབས་སུ་བསྒྱུར་བ་བཅས་བྱས་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུར་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཡོད།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ལས་དངུལ་ཁང་གིས་རྩ་འཛུགས་བྱས་ཏེ་ཆེད་དོན་དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་སོགས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས། མ་རྩོམ་བཀླགས་ནས་རྩ་བའི་རིགས་པ་རྟོགས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཁྱོན་ཡོངས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས། དགོངས་པ་འདི་ཉིད་གཏིང་ཟབ་ས་དང་ནང་གི་ཤེས་རྒྱུད། ཚུལ་སྒྱུར་བཅས་ཀྱི་སྟེང་དུ་འཕོ་བར་འབད་དེ་ཕན་འབྲས་དངོས་ཐོབ་ཐུབ་བྱས། གནད་དོན་ཁྲིད་སྟོན་དུ་བཟུང་བ་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་བླང་བྱ་ལྟར་དུ། ཐག་གཅོད་བྱེད་དགོས་པའི་ཕྱོགས་དྲུག་གི་གནད་དོན་དང་ཚད་བསྡུར་བྱས་ནས། བྱེ་བྲག་གི་གནད་དོན་ང་བཞི་འཚོལ་ཞིབ་གཏིང་ཟབ་བྱས་ནས། འཕྲལ་མར་ལག་བསྟར་དང་འཕྲལ་མར་དག་ཐེར་ཡོ་བསྲང་བྱས།
ཞིང་ལས་དངུལ་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། དངུལ་རྩའི་ལས་རིགས་ཀྱི་ཁྱད་ཆོས་དང་རང་ངོས་ཀྱི་དོན་དངོས་ནས་རྐང་ཚུགས་པར་བྱས་ནས། འབྲུ་རིགས་བདེ་འཇགས་ཀྱི“རྒྱལ་ཁབ་ཀྱི་དོན་ཆེན”དེར་དམ་པོར་དམིགས་ནས་རྟོག་ཞིབ་ཚན་ཆུང་དུ་མ་བཙུགས་ཏེ། ས་གནས་སོ་སོའི་ཁེ་ལས་ཀྱི་སྣེ་འདྲེན་པ་དང་འབྲུ་འདེབས་ཁྱིམ་ཆེན་སོགས་ཞིང་ལས་དང་འབྲེལ་བ་ཡོད་མཁན་གྱི་སར་དངོས་སུ་སོང་ནས། བརྟག་དཔྱད་ཞིབ་འཇུག་བྱས་ཏེ། བརྗོད་དོན་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།
རྟོག་ཞིབ་ཁྲོད་རྙེད་པའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་དུས་འགོའི་དངུལ་ལོར་འཁོར་རྒྱུག་མི་འདང་བའི་གནད་དོན་དང་། ཚོང་ལས་དངུལ་ཁང་ནུས་ལྡན་ངང་འཛུགས་སྐྲུན་དེའི་ཁྲོད་ཞུགས་མི་ཐུབ་པའི་དཀའ་ཁག་ལ་དམིགས་ཏེ། ཞིང་ལས་དངུལ་ཁང་གིས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ཆེད་དོན་ཡིད་རྟོན་དངུལ་བུན་སྲིད་ཇུས་དངོས་སུ་བཏོན་ཏེ། རྟོག་ཞིབ་ཁྲོད་རྙེད་པའི་གྲུབ་འབྲས་དེ་དངུལ་རྩའི་ཞབས་ཞུ་མཐོ་རུ་གཏོང་བའི་བྱེད་ཐབས་དངོས་ལ་ཏན་ཏིག་ངང་བསྒྱུར།