མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་དངུལ་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-08-07 18:25:57 

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་དངུལ་ཁང་གི་ཏང་ཨུས་བརྟག་དཔྱད་ཞིབ་འཇུག་དེ་བརྗོད་དོན་སློབ་གསོའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། དོ་སྣང་བྱེད་དགོས་པ་གསུམ་དང་དམ་དུ་སྦྲེལ་ནས། བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་ཇེ་མཐོ་རུ་བཏང་། 

རྟོག་ཞིབ་ཇུས་འགོད་ལ་ཞིབ་གཉེར་གཙིགས་སུ་འཛིན་དགོས། མཚོ་སྔོན་དངུལ་ཁང་གི་ཏང་ཨུས་ཞིང་ཆེན་ཏང་ཨུས་གཏན་འཁེལ་བྱས་པའི་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་བཅུ་གཉིས་དང་དམ་དུ་སྦྲེལ་ནས། དོན་དངོས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ནས། བརྟག་དཔྱད་ཞིབ་འཇུག་གི་རྩིས་ཐོ་བཟོས་ནས། རྟོག་ཞིབ་ཀྱི་ཁ་ཕྱོགས་བཞི་བཅུ་གཏན་འཁེལ་བྱས། 

རྟོག་ཞིབ་གོ་རིམ་ལ་ཟབ་ཚད་གཙིགས་སུ་འཛིན་དགོས། ཁུངས་སྣེ་ཆུང་ས་ནས་རྟོག་ཞིབ་ཟབ་མོ་བྱེད་དགོས། གཙོ་བོ་སྔོན་བརྡ་མི་གཏོང་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་ནས། ཚན་སྐོར་རྣམ་པ་དང་ཕྱི་ལ་འགྲོ་བའི་རྣམ་པ། གཤགས་ལས་རྣམ་པ། དངོས་སྡོད་ཞིབ་འཇུག་རྣམ་པ་སོགས་རྟོག་ཞིབ་ཀྱི་རྣམ་པ་མི་འདྲ་བ་དག་གནད་དོན་དང་དྲི་བ་བཟུང་ནས། རིགས་དབྱེ་བྱས་ཏེ། འཆར་གཞི་ལྡན་པའི་ངང་སྒྲིག་གཞི་དང་གཞི་རིམ་གྱི་དྲ་གནས། ཁེ་ལས་ར་བ་བཅས་སུ་སོང་ནས། ཞིབ་གཉེར་གནད་འཁེལ་གྱི་བརྟག་དཔྱད་ཞིབ་འཇུག་བྱས། 

རྟོག་ཞིབ་གྲུབ་འབྲས་ལ་དངོས་གཉེར་གཙིགས་སུ་འཛིན་དགོས། རྟོག་ཞིབ་ལས་རྙེད་པའི་གནད་དོན་ལ་ཁ་གཏད་ནས། གནད་དོན་གྱི་འབྱུང་རྩ་གསལ་བོར་བཙལ་ནས། ལེགས་བཅོས་ཀྱི་ཇུས་གཞི་དངོས་འབེབ་བྱས་ནས། ཁྱོན་བསྡོམས་ཇུས་བསྟར་བློ་འདོན་དོན་ཚན་ཞེ་བདུན་བཏོན་པ་དང་། དེའི་ཁྲོད་དངུལ་རྩས་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དངོས་འབེབ་བྱེད་པའི་ཐད་ཀྱི་གོ་ཆོད་པའི་བསམ་ཕྱོགས་དང་ཐབས་ཤེས་བཟང་པོ་གང་མང་འདུས་ཡོད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།