ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་བསླབ་ནས་ལས་ལ་སྐུལ་བ་དང་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པ། ལག་ལེན་ལ་བརྟེན་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ལ། གནད་དོན་ལ་དམིགས་ནས་སྐོར་ཞིབ་བྱས་པ་དང་གནད་དོན་ལ་དམིགས་ནས་འདྲི་ཞིབ་ནན་མོ་བྱས་ལ། གནད་དོན་གཙིགས་སུ་བཟུང་ནས་ཞིབ་འཇུག་བྱས་པ་དང་། རྟོག་ཞིབ་ཁྲོད་རྒྱུས་ལོན་བྱུང་བའི་ཁེ་ལས་རང་སྟེང་གིས་ཐག་གཅོད་མ་ཐུབ་པའི་གནད་དོན་ལ་ཁ་གཏད་དེ། འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ཐབས་ཇུས་ལ་གྲོས་སྡུར་བྱས་པ་དང་བྱེད་ཐབས་བཙལ་ལ། ཁ་ཕྱོགས་གསལ་བོ་བྱས་པ་དང་། ཁེ་ལས་ཀྱི་ཏང་ཨུའི་དང་མཉམ་དུ་ཁ་བྱང་གཅིག་ལ་ལན་བཏབ་པ་དང་ཕྱོགས་གཅིག་ལ་ཤུགས་བཏོན་ནས། ཁག་ཁུར་བྱེད་ཕོད་པ་དང་འབད་འཐབ་ལྷོད་མེད་བྱེད་པར་བརྟེན་ནས་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་གླེང་མོལ་དང་བསམ་འཆར་བསྡུ་ལེན། ཡིག་ཆ་ཞིབ་ཀློག་སོགས་ཀྱི་རྣམ་པ་བརྒྱུད་དེ། ཁེ་ལས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་གཙོ་བོ་དང་ལས་བཟོ་བས་དོ་སྣང་བྱེད་པའི་གནད་དོན་གཙོ་བོ། དུས་ཡུན་རིང་བོར་ཐག་གཅོད་མ་ཐུབ་པའི་དཀའ་གནད། ཉེན་ཁ་ཡོད་པའི་གནད་དོན་བཙལ་ནས་མཛུབ་སྟོན་བྱས་པ་དང་། ལྷག་པར་དུ་དཀའ་ཁག་ཆེ་བའི་ཁེ་ལས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་དབྱེ་ཞིབ་དང་གྲལ་བཤེར་བྱས། མིག་སྔའི་བར་དུ། བསྡོམས་པས་དཀའ་ཁག་ཆེ་བའི་ཁེ་ལས་བཞི་ཡི་སྔོན་ཆད་ཐག་གཅོད་མ་ཐུབ་པའི་གནད་དོན་དང་དང་ས་ཞིང་དབང་ཆ་གཏན་ཁེལ་ཐོ་མགོད། ཐོན་སྐྱེད་རྒྱུ་ཆས་འགན་སྲུང་སོགས་ཕྱོགས་དྲུག་ཐད་ཀྱི་བྱེ་བྲག་གནད་དོན་བཅུ་གསུམ་དབྱེ་བགར་བྱས་པར་མ་ཟད། གནད་དོན་དང་འབྲེལ་བའི་སྡེ་ཁག་ལྟར་ཞིབ་འཇུག་བྱས་ནས་མཐུན་སྦྱོར་སྡེ་ཁག་བདུན་གཏན་ཁེལ་བྱས་པ་དང་། ལུགས་དང་མཐུན་པའི་སྒོ་ནས་མཐུན་སྦྱོར་སྦྲེལ་མཐུད་བྱ་བའི་ཇུས་གཞི་གཏན་འབེབས་བྱས།
དབྱེ་བགར་བྱས་པའི་གནད་དོན་གྱི་རིགས་སྣར་ཁ་གཏད་དེ་བྱེ་བྲག་གི་ལས་སྒོ་ལས་ཁུངས་དང་ཡང་ན་སྡེ་ཁག་གཏན་ཁེལ་བྱས་པར་མ་ཟད། སྦྲེལ་མཐུད་བྱ་གཞག་ལ་ཞིབ་འཇུག་བྱེད་པ་དང་སྦྲེལ་མཐུད་ཉིན་རིམ་གཏན་ཁེལ་བྱེད་རྒྱུའི་རེ་བ་བཏོན། ཁེ་ལས་ཀྱིས་ཐག་གཅོད་མི་ཐུབ་པའི་དཀའ་ཁག་གནད་དོན་ལ་དམིགས་ནས། དཀའ་ཁག་ཡོད་པའི་ཁེ་ལས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཁྲིད་དེ་འབྲེལ་ཡོད་སྡེ་ཁག་གི་ཆེད་བསྐོར་མགོ་ཁྲིད་དང་ལས་སྒོའི་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་སྦྲེལ་མཐུད་བྱས་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པར་བློ་འདྲི་བྱས་ཏེ། བྱེད་ཐབས་བཟང་པོ་འཚོལ་ཞིབ་བྱས། མིག་སྔའི་བར་དུ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ན་གོར་མོ་གྲོང་ཁྱེར་སྲིད་གཞུང་སོགས་སྡེ་ཁག་བདུན་གྱིས་སྦྲེལ་མཐུད་གྲོས་ཚོགས་ཐེངས་བདུན་ལ་བསྡུས་པ་དང་། ཐག་གཅོད་བྱེད་ཐབས་བཅོ་ལྔ་ཕྱིར་བཏོན།
བྱ་བ་སྦྲེལ་མཐུད་བྱས་པའི་གྲུབ་འབྲས་ལ་ཁག་ཐེག་བྱེད་ཆེད། མཛུབ་སྟོན་ཚན་ཆུང་གི་ཆེད་བསྐོས་མི་སྣས་བྱ་བ་བསྒྲུབ་པར་ལྟ་སྐུལ་བྱེད་པ་དང་དཀའ་ཁག་ཡོད་པའི་ཁེ་ལས་ཀྱི་མགོ་ཁྲིད་ཀྱིས་མགོ་ཁྲིད་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་གྲོང་ཁྱེར་དང་སྡེ་ཁག་གི་ཆེད་དོན་མི་སྣས་འགན་ཁུར་བའི་རྗེས་འདེགས་ལག་བསྟར་བྱ་བའི་རྐྱེན་སྲོལ་བཙུགས་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་བརྗོད་དོན་སློབ་གསོ་བཟང་པོར་སྤེལ་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་། འཕྲུལ་གློག་ཀུང་ཟིའི་གཙོ་ལས་འཕེལ་རྒྱས་ལ་བཀག་རྐྱེན་བཟོས་པ་དང་ལས་གཞིའི་འདེགས་སྐྱོར་མེད་པའི་གནད་དོན་ལ་ཁ་གཏད་དེ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་བྱས་ནས་ལས་གཞི་ལ་རྒྱབ་སྐྱོར་བྱེད་པའི་འདོད་བློ་གྲུབ་པར་བྱས། ཁྲོང་ཨན་ཀུང་ཟི་རུ་གནས་པའི་ཏང་འཛུགས་བྱ་བའི་རྨང་གཞི་ཞན་པའི་གནད་དོན་ལ་ཁ་གཏད་དེ། ནུས་རྒྱུད་གཏེར་ལས་སྡེ་ཚོགས་དང་ཞིང་ཆེན་ཞིང་ལས་ཡིད་རྟོན་མཉམ་འབྲེལ་ཁང་དང་མཐུན་སྦྱོར་བྱས་ནས་ཏང་འཛུགས་གྲོགས་སྒྲིག་རོགས་ཁྲིད་བྱ་བ་སྤེལ་བར་མ་ཟད། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་དང་མཐུན་སྦྱོར་བྱས་ནས་ཡུན་རིང་བོའི་རོགས་ཁྲིད་རྐྱེན་སྲོལ་བཙུགས་པ་དང་། ཏང་འཛུགས་གྲོགས་སྒྲིག་རོགས་ཁྲིད་སྒྲོམ་གཞིའི་གྲོས་མཐུན་མགོད་རྒྱུའི་ཐག་བཅད། ཧུའེ་ཞིན་ཀུང་ཟིའི་འཕེལ་རྒྱས་ཁྲོད་འཕྲད་པའི་ཐོན་སྐྱེད་རྒྱུ་ཆས་ཀྱི་འགན་སྲུང་ཐད་ཀྱི་དཀའ་གནད་ལ་ཁ་གཏད་དེ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་མཐུན་སྦྱོར་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚོགས་སྒྲིག་རང་བཞིན་གྱི་མཚོ་ནུབ་ལས་ཁུར་སྦྱོང་བརྡར་ཚོགས་པ་དང་མཐུན་སྦྱོར་བྱས་ནས་ཁེ་ལས་བར་གྱི་སྦྲེལ་མཐུད་ཚོགས་འདུ་བསྡུས། མཛུབ་སྟོན་ཚན་ཆུང་གིས་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་བརྒྱུད་དེ། དཀའ་ཁག་གནད་དོན་དྲུག་གི་ཐོག་མའི་ཐག་གཅོད་འདོད་བློ་གྲུབ་པར་བྱས་པ་དང་། གནད་དོན་བདུན་གྱི་ཁ་ཕྱོགས་ཡང་དག་བཙལ་བ་དང་བྱེད་ཐབས་གཏན་ཁེལ་བྱས།