མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྤྱི་བདེ་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-07-27 15:36:05 

བརྗོད་དོན་སློབ་གསོ་སྤེལ་ཚུན་ལ། ཞིང་ཆེན་སྤྱི་བདེ་ཐིང་གིས་མི་དམངས་བླ་ན་མེད་པ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་དང་གཞི་རིམ་མངག་གཏོང་ཁང་གི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གཅིག་བསྡུས་བྱས་ནས་དཀའ་གནད་སེལ་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་བཟང་པོ་ཞུ་བའི་ཐད་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཅེས་པ་དང་ངས་གཞི་རིམ་གྱི་དཀའ་གནད་སེལ་ཞེས་པའི་ལས་གཞི་བཅོ་ལྔ་གཏན་འབེབས་བྱས་པར་མ་ཟད། རིམ་པ་རེ་རེ་བཞིན་བྱ་བའི་བྱེད་ཐབས་ཞིབ་ཕྲ་ཅན་དུ་བཏང་བ་དང་། བྱ་བའི་ཚད་གཞི་དང་འགན་འཁྲིའི་སྡེ་ཁག ཡོངས་འགྲུབ་དུས་བཅད་བཅས་གཏན་འཁེལ་གསལ་བོ་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་གི་ཏང་ཨུས་བསླབ་ནས་ལས་ལ་སྐུལ་བ་འབུར་དུ་ཐོན་པར་བྱས་ཏེ་འགྲིམ་འགྲུལ་དོ་དམ་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ལ་སྐུལ་འདེད་ནན་མོ་བཏང་བ་དང་། ཡུལ་དངོས་འདྲི་ཞིབ་དང་མཁར་གྲོང་གི་སྡོད་ཁུལ་རྙིང་བར་རླངས་འཁོར་འཇོག་དཀའ་བའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་དེ། སྡོད་ཁུལ་རྙིང་བའི་རླངས་འཁོར་འཇོག་སར་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ་དང་། ཞིང་ཆེན་ཡོངས་སུ་བསྡོམས་པས་མཁར་གྲོང་གི་སྡོད་ཁུལ་རྙིང་བའི་མཐའ་འཁོར་དུ་དགོང་མོ་དང་གཟའ་མཇུག ཁྲིམས་བཅད་དུས་ཆེན་ལ་རླངས་འཁོར་བཞག་ཆོག་སའི་ལམ་འགྲམ་ཞེ་བརྒྱད་ཁ་སྣོན་བྱས་ཏེ་མང་ཚོགས་ཀྱིས་ཕྱིར་ལྡོག་བྱས་པའི་དོན་དག་སྒྲུབ་དཀའ་བ་དང་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་བཅད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།