ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ཁྲུའུ་ཡི་མགོ་བས་བྱེད་སྒོ་སྤེལ་བ”ཞེས་པའི་བྱ་འགུལ་སྤེལ་ཏེ་རྩ་འཛུགས་བྱ་བའི་སྤུས་འདེགས་ཕན་འབྲས་ཐད་ནུས་ཤུགས་བཏོན།
བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་འཛིན། བྱས་རྗེས་བསྐྲུན”ཅེས་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། བརྗོད་དོན་སློབ་གསོ་དེ་རྩ་འཛུགས་བྱ་བའི་ལས་འགན་གལ་ཆེན་དང་། གཞི་རྩའི་ལག་ལེན་དང་ཟུང་སྦྲེལ་བྱས་ནས། རྩ་འཛུགས་ལས་བྱེད་པ་ཁ་ཤས་ཀྱིས་རྩ་འཛུགས་བྱ་བའི་ཤེས་བྱ་རྒྱུས་ལོན་བྱས་པ་མི་འདང་བ་དང་། སྲིད་ཇུས་ལས་དོན་ལ་བྱང་ཆ་མེད་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། “ཁྲུའུ་ཡི་མགོ་བས་བྱེད་སྒོ་སྤེལ་བ”ཞེས་པའི་བྱ་འགུལ་སྤེལ་ནས། རྒྱ་ཆེའི་རྩ་འཛུགས་ལས་བྱེད་པས་བྱེད་སྒོ་སྤེལ་བ་དང་། སློབ་སྦྱོང་བྱེད་ཐབས། ཆོས་ཉིད་ཁོང་དུ་ཆུད་པ་བཅས་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ཁྲུའུ་ཡི་མགོ་བས་བྱེད་སྒོ་སྤེལ་བ”ཞེས་པའི་བྱ་འགུལ་སྤེལ་རྒྱུ་དེ་བརྗོད་དོན་སློབ་གསོ་སྤེལ་བའི་གཞི་འཛིན་ས་གལ་ཆེན་དང་རྩ་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་ལོའི་ཐེག་བྱེད་གལ་ཆེན་ཞིག་ཏུ་བརྩིས་ཏེ། མི་འདང་ས་གང་ཞིག་ཡོད་པ་དེ་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱས་ལ། རྩ་འཛུགས་བྱ་བའི་ལས་བྱེད་པས་བསླབས་ནས་ཕན་ཐོགས་པར་བྱས། རྩ་འཛུགས་བྱ་བའི་འགན་ནུས་ལ་དམིགས་ཏེ། འཆད་ཁྲིད་ཐེངས་གསུམ་བཀོད་སྒྲིག་བྱས་ནས། ཁྲུའུ་ཀྲང་དགུ་ཡིས་སོ་སོར “ཁྲུའུ་ཀྲང་གིས་དཔུང་ཁག་ལ་ཇི་ལྟར་སྣེ་ཁྲིད་བྱེད་པ”དང་། “རྩ་འཛུགས་དང་། ལས་བྱེད་པ། འཇོན་མིའི་ལས་དོན་གྱིས་དོ་དམ་འགན་ནུས་ཇི་ལྟར་ལག་བསྟར་བྱེད་པ།” “གཞི་རིམ་རྩ་འཛུགས་འགན་འཁྲི་ཇེ་དམ་དུ་གཏོང་བའི་བྱེད་ཐབས”སོགས་གཙོར་བཟུང་ནས་སློབ་ཁྲིད་བྱས།
དུས་མཉམ་དུ། ཟླ་རེའི་ནང་རྩ་འཛུགས་བྱ་བའི་དུས་རིམ་རང་བཞིན་གྱི་ལས་འགན་གཙོ་བོའི་རྒྱུན་རྣམ་ཅན་དང་ཟུང་སྦྲེལ་བྱས་ཏེ“ཁྲུའུ་ཡི་མགོ་བས་བྱེད་སྒོ་སྤེལ་བ”ཞེས་པའི་བྱ་འགུལ་སྤེལ་བ་དང་། མགོ་ཁྲིད་ཀྱི་དཔྱད་འཇོག་དང་། ལས་བཟོ་བས་སྐར་མ་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། སློབ་ཁྲིད་བྱེད་མཁན་གྱིས་གྲ་སྒྲིག་ཞིབ་ཚགས་བྱེད་པ་དང་གཟབ་ནན་གྱི་སློབ་ཁྲིད་བྱེད་དུ་བཅུག་ནས་བསླབས་སྡུར་རྗེས་སྙེག་གི་རྣམ་པ་བཟང་པོ་ཆགས་པར་བྱས། 《རྩ་འཛུགས་བྱ་བའི་བྱེད་སྒོའི་སྲིད་ཇུས་དག་སྒྲིག》སོགས་ཀྱི་སློབ་སྦྱོང་རྒྱུ་ཆ་དཔར་རྗེས། རྩ་འཛུགས་ལས་བྱེད་པ་རེ་རེའི་ལག་ཏུ་འཕྲོད་པར་བྱས་ཏེ། ཉེར་སྤྱོད་དཔེ་ཆ་བྱས་ནས་ལས་བྱེད་པས་སྲིད་ཇུས་སློབ་པ་དང་། ལས་དོན་ལ་ཞིབ་འཇུག་བྱེད་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ལ་ལྟ་སྐུལ་བྱས། རྒྱ་ཆེའི་རྩ་འཛུགས་ལས་བྱེད་པས་རང་རྟོགས་སྒོས་དྲ་ལམ་སློབ་ཁྲིད་དང་གཟའ་མཇུག་སློབ་ཁྲིད་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སློབ་སྦྱོང་བྱས་ཏེ། བརྗོད་དོན་སློབ་གསོའི་སྐབས་སུ་ལས་དོན་སློབ་པ་དང་རྩལ་ནུས་སྦྱོང་བརྡར་གྱི་ཚ་རླབས་ཤིག་འཕྱུར་དུ་བཅུག
བྱ་འགུལ་སྤེལ་བ་ལས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་ལས་བྱེད་པ་ཡོངས་ལ་རྩ་འཛུགས་བྱ་བའི་ལག་ལེན་ཁྲོད་བསླབས་པ་བཀོལ་སྤྱོད་དང་བྱང་ཆ་ལྡན་པའི་མྱོང་ཚོང་ཟབ་མོ་ཐོབ་པར་བྱས་ལ། བྱ་བའི་སྤུས་ཚད་མཐོ་རུ་ཕྱིན། ཚང་མས་གཅིག་གྱུར་གྱིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩ་འཛུགས་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་གཞི་རྩའི་བཀོད་སྒྲིག་དང་ཟུང་སྦྲེལ་བྱས་ཏེ། རྩ་འཛུགས་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལོ་རྒྱུས་ཀྱི་གནས་ཐིག་ཡང་དག་བཙལ་བ་དང་། མཚོ་སྔོན་རྩ་འཛུགས་བྱ་བས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དམིགས་ཚད་ཀྱི་མགོ་རྩོམ་ས་ཡང་དག་བཙལ་ནས། བརྟག་དཔྱད་ཞིབ་འཇུག་དམ་འཛིན་བྱེད་པ་དང་། སྔོན་སྐྱོད་ཞིང་ཆེན་གྱི་ཉམས་མྱོང་ལེགས་པོ་དང་བྱེད་ཐབས་བཟང་པོ་བསྡུ་ལེན་དང་དེར་དཔེ་ལྟ་གང་ལེགས་བྱེད་པ། གཞི་རིམ་གྱི་གནས་ཚུལ་ལ་དོ་སྣང་དང་། གསར་གཏོད་བྱེད་ཐབས་སྦྱངས་ནས། རྩ་འཛུགས་བྱ་བའི་སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་པར་འདོད།