མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ནོར་སྲིད་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-07-20 15:59:50 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། ནོར་སྲིད་ཐོན་ཁུངས་ཀྱི་བཀོད་སྒྲིག་ལས་ཆོད་དང་མ་རྩའི་བཀོལ་སྤྱོད་ཕན་འབྲས་ཀྱི་དམིགས་ཚད་མཐོར་འདེགས་སུ་བཏང་ལ། ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་ཐབས་ཀྱི་ཇུས་གཞི་ཞིབ་འཇུག་གཏན་འབེབ་བྱས་ནས། བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་དེ་ནོར་སྲིད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར། 

ལས་རིགས་ནང་ཁུལ་གྱི་ཆེད་སྤྱོད་མ་དངུལ་སྡེབ་སྒྲིག་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ནོར་སྲིད་ཐིང་གིས་ནོར་སྲིད་འགན་དབང་དང་གཏོང་སྤྲོད་འགན་འཁུར་གཉིས་རིགས་དབྱེ་བྱེད་པའི་བཅོས་སྒྱུར་གྱི་རེ་བ་བཏོན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱིས་སྣེ་ཁྲིད་བྱེད་པའི་ལས་གཞིའི་རིགས་མིན་ཚེ། ཞིང་ཆེན་རིམ་པར་བཙུགས་པའི་གྲོང་ཁྱེར་དང་རྫོང་གི་འགན་དབང་རྩིས་མེད་བཟོས་པ་དང་། གྲོང་ཁྱེར་དང་རྫོང་གིས་གཏོང་སྤྲོད་བྱེད་པའི་ཆེད་སྤྱོད་མ་དངུལ་དག་ལ་སྲིད་ཇུས་ཀྱི་དུས་ཚོད་འདའ་བ་དང་། འགན་ཁུར་འགྲུབ་ཟིན་པ། གཞི་འཛིན་སར་གསལ་ཁ་མེད་པ་བཅས་ཚང་མ་རྩིས་མེད་དུ་བཏང་། 

ལས་རིགས་ཕན་ཚུན་བར་གྱི་ཆེད་སྤྱོད་མ་དངུལ་གྱི་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་པར་སྐུལ་འདེད་བཏང། ཞིང་ཆེན་ནོར་སྲིད་ཐིང་གིས་གཞུང་དོན་གྱི་འགྲོ་གྲོན་གསུམ་ལ་དོ་དམ་ཚོད་འཛིན་བྱེད་པའི་དཔེ་གཞི་བཟོས་ཤིང་། ལས་ཁུངས་སོ་སོའི་ཁ་ཐོར་གྱི་རྣམ་པར་གནས་པའི་སྔོན་རྩིས་ཁྲོད་ཀྱི་གཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བ་དང་། གཞུང་ཕྱོགས་ཀྱི་རླངས་འཁོར་མངགས་ཉོ་བྱེད་པ་ལ་སྔོན་ལ་ཞིབ་མཆན་འགོད་པ་དང་། དངུལ་གྲངས་ཚོད་འཛིན་བྱེད་པ། གཅིག་བསྡུས་དོ་དམ་བྱེད་པ་བཅས་བྱས་ནས། གཞུང་དོན་གྱི་སྣེ་ལེན་འགྲོ་གྲོན་དང་རླངས་འཁོར་གྱི་ཞིག་གསོའི་དངུལ་བཅས་ལ་མུ་མཐུད་དུ་དོ་དམ་ཚོད་འཛིན་ནན་མོ་བྱས་ནས། གཞུང་དོན་གྱི་འགྲོ་གྲོན་རིགས་གསུམ་གྱི་སྔོན་རྩིས་ལག་བསྟར་གནས་ཚུལ་ལ་དུས་ཚོད་གཏན་འཁེལ་ལྟར་བརྡ་ཁྱབ་སྤེལ་བའི་རྐྱེན་སྲོལ་བཙུགས་ཏེ། གཞུང་དོན་གྱི་འགྲོ་གྲོན་རིགས་གསུམ་པོ་ལ་འཕྲི་བ་ལས་འཕར་རྒྱུ་མེད་པ་འགན་སྲུང་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།