མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སློབ་གསོ་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-07-19 18:28:44 

ཟླ7པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཡག་པོར་སྒྲུབ་ནས་ཕན་འབྲས་ལོན་པར་སྐུལ་འདེད་གང་ལེགས་གཏོང་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་སློབ་གསོ་པུའུ་ཡི“ཉིན་བརྒྱའི་གདོང་མཆོང”འགུལ་སྐྱོད་ལག་བསྟར་ནན་མོ་བྱས་ཏེ། 2023ལོའི་མཐོ་རིམ་མཐར་ཕྱིར་སློབ་མས་སྤུས་ཚད་སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་ཐུབ་པར་ནུས་ཤུགས་ཡོད་རྒུ་བཏོན། མིག་སྔར། རང་ཞིང་གི་ཉིས་སྟོང་ཉེར་གསུམ་ལོའི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱ་བས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། མཐར་ཕྱིན་རྗེས་ལས་ཞུགས་བྱེད་ཚད་ན་ནིང་གི་དུས་མཉམ་ལས་མཐོ་བར་མངོན།

རྒྱུས་ལོན་པ་ལྟར་ན། རང་ཞིང་གི2023ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་སྤྱིའི་གྲངས་ཀ་སྔོན་ཆད་ལས་མཐོ། ཞིང་ཆེན་སློབ་གསོ་ཐིན་གྱིས་བློ་བརྟན་འགྱུར་མེད་སྒོས་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྔ་གཞུག་ཏུ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་མགོ་རྩོམ་གྲོས་ཚོགས་དང་། སྐུལ་སྤེལ་གྲོས་ཚོགས། བཀོད་གཏོང་གྲོས་ཚོགས་བཅས་བསྡུས་པ་དང་། ལས་གནས་རྒྱ་བསྐྱེད་དང་། ལས་ཞུགས་མཛུབ་སྟོན། དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ། ལས་ཞུགས་བྱས་ཏེ་མི་གསོ་སྐྱོང་བྱེད་པ་སོགས་བྱ་བ་གཙོ་བོ་གཅིག་སྡུད་བྱས་ཏེ། དུས་ལྟར་མཐོ་རིམ་སློབ་གྲྭ་སོ་སོའི་བྱ་བའི་འཕེལ་རིམ་ལ་རྗེས་འདེད་བྱས་ནས། ད་ལོའི་མཐར་ཕྱིན་སློབ་མའི་ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་ཁག་ཐེག་བྱས།

མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པའི་བྱ་བའི་ཁྲོད་ཀྱི་དཀའ་གནད་ལ་དམིགས་ཏེ། ཞིང་ཆེན་སློབ་གསོ་ཐིན་གྱིས་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་བདུན་ལྷག་གི་ལས་ཞུགས་སྡེ་ཁག་གི་འགན་ཁུར་བློ་མཐུན་རྩ་འཛུགས་བྱས་ཏེ་འབྲི་ཆུ་ཟུར་གསུམ་གླིང་ས་ཁུལ་དུ་སོང་ནས་ལས་ཞུགས་བྱ་བའི་རྟོག་ཞིབ་གཅིག་སྡུས་སྒོས་སྤེལ་བ་དང་། ཁེ་ལས་དགུ་དང་འཇོན་མིའི་གཞིས་ཁུལ་གཅིག་བཅས་ལ་ཡུལ་དངོས་བཅར་འདྲི་བྱས་ཏེ། ལས་གནས1300ལྷག་རྒྱ་བསྐྱེད་པ་མ་ཟད། ཡུལ་དངོས་ནས་མཐོ་རིམ་སློབ་གྲྭས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཇེ་ཟབ་དུ་གཏོང་བའི་སྐོར་ནས་ས་གནས་མི་དོན་སྡེ་ཁག་དང་། འབྲེལ་ཡོད་ཁེ་ལས་བར་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། ཁེ་ལས་ཀྱིས་མཐོ་རིམ་མཐར་ཕྱིན་སློབ་མ་བསྡུ་བའི་གནས་ཚུལ་རྒྱུས་ལོན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་མཉམ་དུ་ཁེ་ལས་འབྲིང་ཆུང་རིགས་ཀྱི་ལས་བཀོལ་གནས་ཚུལ་ཐད་ནས་རྒྱུས་ལོན་ཞིབ་མོ་བྱས་ཏེ་ལས་གནས་སྔར་ལས་མང་པོ་བརྩོན་ལེན་བྱས། ཞིང་ཆེན་མི་དོན་ཐིན་དང་མཉམ་དུ་རྒྱལ་དབང་ཁེ་ལས་ལ་བཅར་འདྲི་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས། རང་ཞིང་གི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པར་ནུས་པ་བཏོན།

ལས་ཞུགས་བྱ་བའི་གནད་འགག་ལ་དམིགས་ཏེ། འདོན་སྤྲོད་འགན་སྲུང་དང་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ། རོགས་སྐྱོར་གཙོར་འཛིན་པ། ཞབས་ཞུ་ལེགས་སྒྱུར་བྱེད་པ་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལྟར། སྔ་གཞུག་ཏུ་མཐོ་རིམ་སློབ་གྲྭ་རྩ་འཛུགས་བྱས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི“སློབ་གླིང་གདན་འགུག་ཟླ”དང་། དཔྱིད་དུས་ལས་ཞུགས་ལ་སྐུལ་བའི་འགག་གཏོར་འགུལ་སྐྱོད་སོགས་བྱ་འགུལ་སྤེལ་ནས། 2023ལོའི་མཐོ་རིམ་མཐར་ཕྱིན་སློབ་མ་སྤུས་ཚད་མཐོན་པོས་ལས་ཞུགས་ཐུབ་པར་ནུས་ཤུགས་གང་ཡོད་བཏོན།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།