ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་བྱེད་ཐབས་སྣ་མང་བརྒྱུད་དེ་ཁེ་ལས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་འདེད་བཏང་བ།
ཁེ་ལས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་དང་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་ཉན་པ་དང་ལྟ་བ། ཞིབ་བཤེར་བཅས་རིམ་པ་གསུམ་བརྒྱུད་དེ། བརྗོད་དོན་སློབ་གསོ་གཞི་རིམ་ཏང་རྩ་འཛུགས་སུ་སྤེལ་བར་སྐུལ་འདེད་བཏང་བ་དང་། དགོངས་གཞི་ནན་མོ་དང་དངོས་གཉེར་བྱེད་ཐབས་ལ་བརྟེན་ནས་རིམ་པ་རེ་རེ་བཞིན་བརྗོད་དོན་སློབ་གསོའི་འགན་འཁྲི་ཇེ་དམ་དུ་གཏོང་བར་སྐུལ་འདེད་བཏང་།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་དུས་ངེས་མེད་དུ་ཁེ་ལས་ལ་མཛུབ་སྟོན་བྱས་ཤིང་། མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གྲོས་མོལ་དང་སྤྱིར་བཏང་གི་ཏང་ཡོན་ལས་བྱེད་པ་དང་བཞུགས་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་གཙོ་བོར་རྒྱུས་ལོན་དང་ཤེས་རྟོགས་བྱས་ཏེ་བྱ་བར་མཛུབ་སྟོན་བྱེད་པའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་བཏང་། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་བརྗོད་དོན་སློབ་གསོ་སྤེལ་བར་གཅིག་གྱུར་མཛུབ་སྟོན་བྱེད་པ་དང་མཉམ་དུ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྐུལ་འདེད་དོན་འཁྱོལ་གནས་ཚུལ་ལ་འཐེན་བཤེར་བྱས་ཏེ་མགོ་ཁྲིད་མི་སྣས་སྣེ་ཁྲིད་སློབ་སྦྱོང་དང་ཞིབ་བསྡུར། ལྟ་ཞིབ། དག་ཐེར་ལེགས་བཅོས་བཅས་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སྤྱིར་བཏང་གི་ཏང་ཡོན་གྱིས་སློབ་སྦྱོང་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད་། རིམ་པ་མང་པོ་ནས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་དག་བཅོས་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། མིག་སྔའི་བར་དུ་ཡན་ལག་ཀུང་ཟི་སོ་བཞི་ལ་མཛུབ་སྟོན་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ང་གཉིས་ལ་འཐེན་བཤེར་བྱས།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་ཁེ་ལས་ཏང་ཨུའི་གྲོས་ཚོགས་ཟིན་བྲིས་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཟིན་བྲིས་ལ་ཞིབ་བཤེར་བྱས་པ་བརྒྱུད་དེ་ཁེ་ལས་ཏང་ཨུས་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བར་ཞིབ་འཇུག་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མིས་སློབ་སྦྱོང་ཞིབ་བསྡུར་དང་བརྗེ་རེས་ཟིན་བྲིས་ལ་ཞིབ་བཤེར་བྱས་ཤིང་། དེའི་ཁྲོད་རྙེད་པའི་གཞུང་ལུགས་སློབ་སྦྱོང་བྱས་པ་གནད་འཁེལ་མིན་པ་དང་བརྟག་དཔྱད་ཞིབ་འཇུག་བྱས་པ་ཟབ་མོ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་བཏོན། ཀྲི་པུའུ་ཡི་བརྗོད་དོན་སློབ་གསོའི་རྒྱུ་ཆའི་ཡིག་ཚགས་ལ་འཐེན་བཤེར་བྱས་པ་བརྒྱུད་དེ་གཞི་རིམ་ཏང་ཀྲི་པུའུ་ཡི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་དག་བཅོས་དང་དོན་འཁྱོལ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཁེ་ལས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཉམས་ཞིབ་ཐེངས་གཅིག་བྱས།