ཟླ7པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཞིབ་སྡུར་གྲོས་ཚོགས་བསྡུས་ཏེ། ཀྲེ་ཅང་གིས་ལོ་ངོ་ཉི་ཤུའི་རིང་བཟོ་བསྐྲུན་ཁྲི་སྟོང་ལག་བསྟར་བྱས་པའི་ཉམས་མྱོང་དཔེ་གཞིར་སློབ་སྦྱོང་དང་། ཟུང་སྦྲེལ་བཞི་ལ་བརྟེན་ནས་དཔེ་གཞི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་བཀོལ་སྤྱོད་བྱས་ཏེ་བཟོ་ཚོགས་ཀྱི་རྩ་འཛུགས་བྱ་བའི་གྲོས་སྡུར་བརྗེ་རེས་ལ་སྐུལ་འདེད་བཏང་བ་མ་ཟད། བཟོ་ཚོགས་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བཟོ་བསྐྲུན་ཁྲི་སྟོང་གི་ཉམས་མྱོང་དཔེ་གཞིར་སློབ་སྦྱོང་བྱེད་པ་དེ་ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བཟོ་བསྐྲུན་ཁྲི་སྟོང་གི་དོན་སྙིང་གལ་ཆེན་རྟོགས་པར་བྱེད་པ་དང་། དགོངས་དོན་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བདེན་ལུགས་སྟོབས་ཤུགས་ངེས་པར་བྱེད་པ་དང་། གཏན་ཕབ་གཉིས་སྲུང་སྐྱོང་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱེད་དགོས།
བཟོ་བསྐྲུན་ཁྲི་སྟོང་གི་ཉམས་མྱོང་དཔེ་གཞིར་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། མི་དམངས་དབུ་ཁྲིད་པའི་རང་ཉིད་བློས་གཏོང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བླ་མེད་ཀྱི་ལྟ་བ་དང་མི་དམངས་བསམ་པའི་བརྩེ་བ་ཟབ་མོ་རྟོགས་པར་བྱས་ཏེ། བཟོ་བསྐྲུན་ཁྲི་སྟོང་ལས་མངོན་པའི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་འདུ་ཤེས། གནས་ཚུལ་ངོ་མ་ཤེས་པར་བྱས་ཏེ་བྱེད་ཐབས་ངོ་མ་འདོན་པའི་ལས་སྒྲུབ་བྱེད་ཕྱོགས། གཞི་རིམ་དམ་འཛིན་དང་རྨང་གཞི་དང་གཞི་རྩ་ཇེ་བརྟན་དུ་གཏོང་བའི་བྱ་བའི་ཁྲིད་ཕྱོགས་བཅས་བཟོ་ཚོགས་བྱ་བའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ཏེ། བཟོ་ཚོགས་བྱ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དུ་འགྱུར་བར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ལས་དོན་ཁག་གི་བཀོད་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་འདྲེས་པར་བྱས་ཏེ། རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་ཉར་ནས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་བསྐྲུན་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། རང་ཞིང་གི་འཐབ་ཇུས་གལ་ཆེན་དང་། བཟོ་བསྐྲུན་གལ་ཆེན། རྣམ་གྲངས་གལ་ཆེན། ཐོན་ལས་གཙོ་བོའི་འཛུགས་སྐྲུན་བཅས་ལ་ཞབས་འདེགས་ཞུ་བ་གཙོར་བཟུང་སྟེ། ལས་བཟོ་བའི་གསར་གཏོད་གསར་བསྐྲུན་གྱི་གྲུབ་འབྲས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།