མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཏང་གི་སློབ་གྲྭས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-07-17 17:16:25 

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕུགས་འདུན་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭས་བརྗོད་དོན་སློབ་གསོའི་ཁྲོད་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། གཙིགས་སུ་འཛིན་པ་གསུམ་ལ་དམིགས་ནས། སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཏུ་བྱེད་པར་སྐུལ་འདེད་བཏང་།

བརྒྱད་ཀྱི་ཁརxསྣོན་པ་གཙོ་གནད་དུ་བྱས་པའི་གཞུང་ལུགས་སློབ་སྦྱོང་གི་ནང་དོན་སློབ་སྦྱོང་བྱས་པ་དང་། གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང2023ལོའི་དཔྱིད་དུས་ཀྱི་སློབ་མགོ་རྩོམ་པའི་མཛད་སྒོ་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཆེད་དོན་སློབ་སྦྱོང་ཐེངས་གཅིག་རྩ་འཛུགས་བྱེད་པ་དང་ཞིབ་སྡུར་བརྗེ་རེས་ཐེངས་གཅིག་སྤེལ་བ། མཁོ་སྤྲོད་འགན་སྲུང་ཐད་ཀྱི་དཀའ་གནད་སྐོར་ཞིག་ཐག་གཅོད་པ། རྟོག་ཞིབ་སྙན་ཞུ་གཅིག་གྲུབ་པར་བྱེད་པ། སྤུས་ལེགས་སློབ་ཁྲིད་སྐོར་ཞིག་བཀོད་སྒྲིག་བྱེད་པ། དྭངས་གཙང་གི་སློབ་ར་ཞིག་གསར་སྐྲུན་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི་གཅིག་ཅན་དྲུག་གི་བྱ་བ་སྤེལ་ལ། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པའི་སྟེང་ཤུགས་བཏོན་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་འགུལ་སྐྱོད་དངོས་དང་བྱ་བའི་གྲུབ་འབྲས་ལ་བསྒྱུར།

གསོ་སྦྱོང་འཛིན་གྲྭ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སྐོར་ཞིག་གིས་ཡིག་ཐོག་བརྟག་བཤེར་དང་འཚམས་འདྲི་བརྗེ་རེས་སོགས་ཀྱི་རྣམ་པར་བརྟེན་ནས་རྟོག་ཞིབ་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དགོས་མཁོ་ཆེས་གསར་པར་རྒྱུས་ལོན་གསལ་བོ་བྱས་ལ། རྟོག་ཞིབ་གྲུབ་འབྲས་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གིས་སྤུས་འབྲས་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སློབ་ཁྲིད་སློབ་གསོ་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་དགོས་མཁོ་དང་ཐག་ཉེ་བར་བྱས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་ལག་ལེན་གྱི་འདྲེན་བྱེད་གསུམ་ལ་དམིགས་ནས། གསོ་སྦྱོང་འཛིན་གྲྭ་རུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཞི་རིམ་དུ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་བ། ཞི་ཅིན་ཕིངགི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པ། དུས་རབས་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་དཔེ་གཞི་གསར་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ནས། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཏང་གཤིས་སྦྱོང་བརྡར་བྱས།

ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འབུར་ཐོན་གནད་དོན་ཆེད་དོན་དག་ཐེར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རྣམ་པ་སྣ་མང་སྤྱད་དེ། དབྱེ་ཞིབ་ནན་མོ་བྱས་པ་དང་ཉེ་བའི་ལོ་འགའི་རིང་གི་གསོ་སྦྱོང་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་ས་བཙལ་ནས་ཞིབ་འཇུག་ཞིབ་མོ་བྱས་ལ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཆེད་དོན་བཅོས་སྐྱོང་དོན་ཚན་ཆེན་པོ་གསུམ་གྱི་འབུར་ཐོན་གནད་དོན་བཅུ་དྲུག་ལ་ཤན་སྦྱར་ནས། གནད་དོན་བརྒྱད་འཚོལ་ཞིབ་བྱས་ནས་རྙེད་པ་དང་། གནད་དོན་དྲུག་དག་ཐེར་ལེགས་བཅོས་བྱས། ཏང་གཤིས་བགྲོ་གླེང་ཆེན་པོ་དང་དཔེ་གཞིས་དག་ཐེར་ལེགས་བཅོས་ལ་སྐུལ་བའི་སྤྱོད་ཚུལ་འཛུགས་སྐྲུན་གྱི་ཆེད་དོན་བགྲོ་གླེང་ཆེན་པོ་སྤེལ་བ་དང་། སློབ་སྲོལ་དང་སྤྱོད་ཚུལ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་ལ། དཔེ་གཞི་མེ་ལོང་དུ་འཛིན་པ་དང་དཔེ་གཞིས་སྒྲིག་གཅུན་བྱེད་པ། དཔེ་གཞིས་ལེགས་བཅོས་ལ་སྐུལ་ནས། སློབ་གྲྭར་བཅོས་སྐྱོང་ནན་མོ་བྱེད་པ་དང་སློབ་གསོར་བཅོས་སྐྱོང་ནན་མོ་བྱེད་པ། སློབ་སྦྱོང་ལ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ཏང་གི་སློབ་གྲྭའི་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་པོར་ཁྱབ་པར་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།