མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྤྱི་བདེ་ཐིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-07-17 17:16:25 

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

བསྟུད་མར་ཉིན་འགིའ་རིང་ལ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུ་དང་ཐིན་ཁོངས་གཏོགས་སྡེ་ཁག་སོ་སོས་སྤུས་ཚད་མཐོ་བའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། དགེ་མཚན་འདོན་སྤེལ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་དང་། སློབ་སྦྱོང་ནན་མོ་བྱས་པ་དང་གོ་བ་ཟབ་མོ་བླངས་པ་དང་སྦྱངས་པ་གོ་ཆོད་པར་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་གསར་སྤེལ་མདུན་སྐྱོད་ཀྱི་སྒུལ་ཤུགས་དང་གྲུབ་འབྲས་སུ་བསྒྱུར་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

བརྗོད་དོན་སློབ་གསོའི་ཁྲོད། ཞིང་ཆེན་སྤྱི་བདེ་ཐིང་གིས་གནད་ཕིགས་ཤུགས་ལྡན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ཚོང་རའི་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཤིང་། ས་ཁང་བདག་ཁོངས་སོགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁར་དོ་སྣང་བྱས་པ་དང་། རེ་རེ་བཞིན་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཤིང་། ཀུན་འབྲེལ་རང་བཞིན་གྱི་དཔལ་འབྱོར་ནག་ཉེས་ལ་རྡུང་རྡེག་དང་ཐག་གཅོད་ནན་མོ་བྱས་པ་དང་། དཔལ་འབྱོར་ནག་ཉེས་བཟོས་པའི་དོགས་ཡོད་མི་སྣ་བརྒྱ་དང་བརྒྱད་ཅུ་འཛིན་བཟུང་བྱས་ལ། བརྐུས་ནོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་བདུན་འབུམ་གཉིས་ཁྲི་བརྒྱད་དང་སྟོང་གཅིག་ལྔ་བརྒྱ་ཕྱིར་ལེན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རང་ཞིབ་ནང་ཚུལ་ཉོ་ཚོང་གྱོད་གཞི་དང་པོ་རྩད་གཅོད་འཛིན་བཟུང་བྱེད་པར་མཛུབ་སྟོན་བྱས་ལ། གྱོད་འབྲེལ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་ཕྱིར་ལེན་བྱས། ཝ་རྔོན་ཞེས་པའི་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ནས། ཉེས་བྱས་དོགས་ཡོད་མི་སྣ་གསུམ་ཕྱིར་རང་རྒྱལ་དུ་ལོག་ནས་རང་ཉེས་རང་ཞུ་བྱེད་པར་ཁ་ཏ་བསླབ་བྱ་གནང་། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་བཙུགས་པ་དང་། ཁུ་ནུ2023སོགས་ཟས་རིགས་སྨན་རྫས་དང་ཁོར་ཡུག་ཁྱབ་ཁོངས་ཀྱི་རིགས་མི་འདྲ་བའི་ཆེད་དོན་རྡུང་རྡེག་བཅོས་སྐྱོང་བྱ་བ་སྤེལ་ལ། ཁོར་ཡུག་ཐོན་ཁུངས་རིགས་ཀྱི་གྱོད་གཞི་ལྔ་བཅུ་རྩད་བཅད་པ་དང་། ཟས་རིགས་སྨན་རྫས་རིགས་ཀྱི་གྱོད་གཞི་བཅུ་དགུ་རྩད་བཅད་ལ། རིགས་མི་འདྲ་བའི་རི་དྭགས་ཀྱི་རྒྱུ་ཆས་བཟོས་པའི་དངོས་རྫས་སྟོང་ལྔ་དང་བཞི་བརྒྱ་དོན་གསུམ་ཞིབ་བཤེར་འཛིན་ལེན་བྱས་པ་དང་། དེའི་རིན་ཐང་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་བཞི་ལ་སླེབས། ཆུའི་བཞུར་རྒྱུད་སོགས་གཙོ་གནད་ཁུལ་ཁོངས་ཀྱི་ཁྲིམས་འཛིན་སྐོར་ཞིབ་དང་སྨན་བཅོས་ཟོག་སྐྱེལ་སོགས་གཙོ་གནད་ལས་རིགས་ཡུལ་གནས་ཀྱི་ཁྲིམས་འཛིན་ཞིབ་བཤེར་རྒྱུན་མཐུད་ངང་སྤེལ་བ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཞིང་ལས་རྒྱུ་ཆས་རྫུན་མར་ཆམ་ཕབ་གཏོང་བ་དང་ཟས་རིགས་སྨན་རྫས་ཞིབ་བཤེར་དང་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་ཀྱི་ཆེད་དོན་སྐོར་ཞིབ་སྤེལ་ལ། མཉམ་འབྲེལ་སྒོས་ལྟ་སྐུལ་མཛུབ་སྟོན་དང་ཁྲིམས་འཛིན་ཞིབ་བཤེར་ཐེངས་དོན་ལྔ་སྤེལ་ནས། ཉེན་ཁ་སུམ་བརྒྱ་དང་ཞེ་གཅིག་གྲལ་བཤེར་ཡར་ཞུ་བྱས་པ་དང་། དུག་ལྡན་གནོད་ཅན་གྱི་ཟས་རིགས་ཐོན་སྐྱེད་བྱེད་པའི་གྱོད་ཞི་གཅིག་རྩད་གཅོད་བྱས་ནས་མི་ལྔ་འཛིན་བཟུང་བྱས། སྲིད་དོན་ཞབས་ཞུའི་སྤུས་འབྲས་མཐོར་འདེགས་སུ་བཏང་བ་དང་། ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་ཟབ་མོ་བྱས་ལ། གྲོང་ཁྱེར་དུ་ཁྱིམ་ཐོ་འགོད་སྐབས་ཀྱི་ཚོད་འགོག་ཕྱོགས་ཡོངས་ནས་མེད་པར་བཟོས་ནས། གྲོང་ཁྱེར་གྱི་ཁྱིམ་ཐོ་མིན་པའི་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དུ་ཁྱིམ་ཐོ་འགོད་སྐབས་སྒོ་ཐེམ་མེད་པར་བྱས་ལ། བསྡོམས་པས་གནས་ངེས་མེད་ཀྱི་མི་གྲངས་འབུམ་དྲུག་དང་ཁྲི་གསུམ་དགུ་བརྒྱ་བདུན་ཅུ་ཐོ་འགོད་བྱས། བྱང་བུའི་རིགས་ཀྱི་སྡོད་ཆོག་འཛིན་དཔང་འབུམ་གཉིས་དང་ཁྲི་གཉིས་སྟོང་གཉིས་དྲུག་བརྒྱ་ལས། མང་ཚོགས་ཀྱི་ཡར་ཞུ་བྱེད་ཚད་མང་བའི་རླངས་འཁོར་འཇོག་དཀའ་བའི་གན་དོན་ལ་དམིགས་ནས། སྡོད་དམངས་ཀྱི་མཚན་མོར་རླངས་འཁོར་བཞག་ཆོག་པའི་ལམ་མཚམས་སོ་བཞི་ཁ་སྣོན་བྱས་པ་དང་། རླངས་འཁོར་གྱི་མཚན་མོའི་གནས་སྐབས་ཀྱི་འཇོག་སྡོད་དུས་ཚོད་ལེགས་སྒྲིག་བྱས། རྒྱལ་ཁབ་ཕྱི་རུ་བསྐྱོད་པ་དང་ནང་དུ་ཡོང་སྐབས་ཀྱི་འཛིན་ཡིག་གི་གློག་རྡུལ་དངུལ་སྤྲོད་མ་ལག་དང་འདྲ་པར་ལྟ་ཞིབ་སྟེགས་བུ་བཙུགས་ནས། མང་ཚོགས་ལ་ཕན་ཡོད་སྟབས་བདེའི་ཞབས་ཕྱི་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།