བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཞབས་ཕྱིའི་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་སྔོན་ལ་མཛུབ་སྟོན་བྱེད་པ། ཞིབ་བཤེར་ཆོག་མཆན་བཅོས་སྒྱུར་བྱེད་པ། ཞིབ་བཤེར་ཆོག་མཆན་གྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ནས། ཁོར་ཡུག་དཔྱད་འཇོག་གི་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་དང་། ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་སྐོར་གྱི་སྙན་ཞུའི་ཡི་གེ་དང་སྙན་ཞུའི་རེའུ་མིག་གི་ཞིབ་མཆན་འགོད་པའི་དུས་ཚད་ནི་ལས་ཀའི་ཉིན60དང30ནས་སོ་སོར་ལས་ཀའི་ཉིན20ནས་ཉིན10བར་ཇེ་ཉུང་དུ་བཏང་བ་རེད།
ཞབས་ཕྱིའི་སྲིད་ཇུས་ཇེ་ལེགས་སུ་གཏོང་བའི་ཐད་ནས། ཞབས་ཞུའི་ལས་གཞིའི་ཁོར་ཡུག་དཔྱད་འཇོག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས། སྔོན་ལ་མཛུབ་སྟོན་བྱེད་པའི་ཐད་ནས་ཞབས་ཕྱིའི་ལས་གཞིར་རྗེས་འདེད་བྱེད་པའི་ཁོར་ཡུག་དཔྱད་འཇོག་གི་ཡིག་ཆ་བཟོས། ཞིབ་བཤེར་ཆོག་མཆན་གྱི་བཅོས་སྒྱུར་ལག་བསྟར་བྱས་ཏེ། ཁོར་ཡུག་དཔྱད་འཇོག་སྙན་ཞུ་དང་ཞིབ་བཤེར་ཆོག་མཆན་གྱི་གོ་རིམ་ལེགས་སྒྱུར་བྱས། ཞིབ་བཤེར་ཆོག་མཆན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཁོར་ཡུག་དཔྱད་འཇོག་གི་ཞིབ་བཤེར་ཆོག་མཆན་མགྱོགས་མྱུར་ངང་བསྒྲུབས།