མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝུའུ་ཞའོ་ཅུན་གྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ལ་ལྟ་སྐུལ་མཛུབ་སྟོན་བྱས་པ།

  2023-07-17 17:16:25 

ཝུའུ་ཞའོ་ཅུན་གྱིས་མགོ་ལོག་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ།

ཟླ7པའི་ཚེས13ཉིན་ནས་ཚེས15ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་དེ་གྲོང་གསེབ་དར་སྤེལ་དང་ཕན་འབྲས་ལྡན་པའི་འབྲེལ་མཐུད་བྱེད་པའི་ལས་དོན་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ནས། དེང་སྐབས་དངོས་སུ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དེ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ཏེ་སེམས་ཤུགས་ཡོད་རྒུ་རྩལ་དུ་འདོན་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བའི་ལས་དོན་དེ་གྲོང་གསེབ་དར་སྤེལ་གྱི་ཕན་འབྲས་ལྡན་པའི་འབྲེལ་མཐུད་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱས་ཏེ་ཕྱུག་འགྱུར་གྱི་ལམ་བུ་ཡངས་པོར་བཏོད་དགོས་པར་མ་ཟད། སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། བདེ་སྡོད་ལས་དོན་དང་འཚམ་པའི་ལས་སྐྲུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་ནས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ལྡན་དུ་བཏང་སྟེ། རོང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུར་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས། ཚན་རྩལ་ལ་ནུས་པ་སྣོན་རྒྱུར་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་ཁྱབ་བརྡལ་དུ་གཏོང་བ། ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐོན་ལས་གཞི་ཁྱོན་ཅན་དང་ཞིབ་ཚགས་ཅན། ཕན་འབྲས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་པར་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་མངོན་སུམ་གྱིས་ཆེ་རུ་བཏང་ནས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བཟོ་སྐྲུན་གལ་ཆེན་སྤུས་ཚད་མཐོ་བའི་ངང་ནས་ལག་བསྟར་ཡག་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་དང་རིག་གནས། ཡུལ་སྐོར། ཚན་རིག་ཞིབ་འཇུག་སོགས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་དམངས་ཕྱུག་ཡོང་བར་སྐུལ་ཁྲིད་བྱེད་དགོས། དྲིན་ཚོར་གྱི་བརྩེ་སེམས་དེ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་གང་མགྱོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ནས། མང་ཚོགས་ཀྱི་དཀའ་ཁག་སེལ་བ་དང་མང་ཚོགས་ཀྱི་སེམས་ཁམས་ཇེ་བདེར་གཏོང་བ། མང་ཚོགས་ཀྱི་སེམས་ལ་དྲོད་ཁོལ་སྩོལ་བ་བཅས་བྱེད་དགོས། དྲིན་ཚོར་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་བཙུགས་ཏེ། མཛེས་པའི་ཁྱིམ་གཞིས་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་ལོག་ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་དང་གྲོང་གསེབ་དར་སྤེལ་ཅུའུ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཞུགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཚད་སྡུར་ཚད་ཤིང་ལྟར་དུ་གནད་དོན་གྱི་འབྱུང་རྩ་གསལ་རྟོགས་ཡོང་བར་བྱེད་པ་དང་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ། གནད་དོན་ལ་གཙང་བཤེར་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ། རྨང་གཞིའི་ལས་དོན་ཁྱོན་ཡོངས་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས། གཙོ་གནད་འབུར་ཐོན་ཡོང་བར་བྱས་ནས། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏོང་བ་དང་།  དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལ་ཤུགས་སྣོན་པ། “འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་སྔར་ལས་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་བར་ཤུགས་སྣོན་པ། ཡུལ་གཞན་གནས་སྤོར་གྱི་རོགས་སྐྱོར་ལ་ཤུགས་སྣོན་པ། ལས་གཞིའི་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྒྲིག་ཐད་ཤུགས་སྣོན་པ། ལས་དོན་ཁག་ཚང་མར་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་ངང་སྤེལ་བ། འགན་འཁྲི་ཏན་ཏིག་ངང་འཁུར་ནས། ཁོངས་གཏོགས་ཀྱི་འགན་འཁྲི་དང་སྡེ་ཁག་གི་འགན་འཁྲི། སྡེ་སྡོད་འགན་འཁྲི་བཅས་དོན་འཁྱོལ་ནན་མོ་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་དུས་རྣམ་ཀུན་ཏུ་ཀུན་གྱི་མདུན་གྲལ་དུ་བསྐྱོད་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བཀོད་གཏོང་ཡག་པོ་བྱེད་པ་དང་། འབྲུབ་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ནན་མོ་བྱེད་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།