ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་དུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་གསར་གཏོད་གཞུང་ལུགས་ཤེས་རྟོགས་དང་བཀོལ་སྤྱོད་བྱེད་རྒྱུར་ཤུགས་བསྣན་པ་དང་། ཕྱོགས་ཡོངས་ནས་མ་ལག་ལྡན་པར་སློབ་པ་དང་རྣམ་པ་སྣ་མང་སྤྱད་དེ་སློབ་པ། གཅིག་བསྡུས་དཔེ་སྟོན་སྒོས་སློབ་པ། ཞིབ་བསྡུར་གཏིང་ཟབ་སྒོས་སློབ་པ་སོགས་སློབ་པ་དྲུག་ལ་བརྟེན་ནས་འགྱུར་བ་མེད་པའི་ཕུགས་བསམ་འདུ་ཤེས་དང་ཏང་ལ་བློ་དཀར་བ། དངོས་སྒྲུབ་ཁག་ཁུར་གྱི་འདུ་ཤེས་དྲག་པོ། མི་དམངས་བསམ་པའི་བརྩེ་བ་ཟབ་མོ། དག་གཙང་གི་སྤྱོད་གསར་བཅས་ལ་སློབ་སྦྱོང་ནན་མོ་བྱས།
ཞི་ཅིན་ཕིང་གི་ན་གཞོན་དང་གུང་གཞོན་ཚོགས་པའི་བྱ་བའི་རྣམ་བཤད་གནད་བསྡུས་སོགས་རང་འདེམ་དཔེ་ཆ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་པའི་གསུང་བཤད་དགོངས་དོན་བཅས་ཆེད་དོན་བཅོ་བརྒྱད་ལ་དགར་ཏེ་གཟའ་འཁོར་རེའི་སློབ་སྦྱོང་འཆར་གཞི་གཏན་འབེབས་བྱས་ནས་ཏན་ཏན་ཏིག་ཏིག་གིས་མ་རྩོམ་ཀློག་པ་དང་རྩ་བའི་རིགས་པར་རྒྱུས་ལོན་བྱེད་ཐུབ་པར་བྱས། རིག་གཞུང་སློབ་སྦྱོང་ལྟེ་གནས་ཀྱི་སློབ་སྦྱོང་ཐེངས་དགུ་དང་རིགས་སོ་སོའི་འབྲེལ་ཡོད་སློབ་སྦྱོང་ཐེངས་ཞེ་བརྒྱད་ལ་སྤེལ། རྒྱུན་རྣམ་ཅན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་རྡུལ་ཕྲན་མཁར་གྱི་རྗེས་དྲན་ཁང་དང་སྐལ་བཟང་གི་རྗེས་དྲན་ཁང་། ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རྟེན་གཞི་བཅས་སུ་སོང་ནས་སློབ་སྦྱོང་བྱས་པ་དང་། ཡུལ་དངོས་ནས་བསམ་བློའི་སྟོབས་ཤུགས་ཆེན་པོ་ཤེས་རྟོགས་བྱས།
མི་སྒེར་སློབ་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་། ཆེད་དོན་ཟུར་ཁྲིད། ཚན་ཆུང་བགར་ཏེ་གྲོས་མོལ་བྱེད་པ་སོགས་བྱེད་ཐབས་བརྒྱུད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་དང་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ། ན་གཞོན་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། དྲིལ་སྒྲོག་དཔེ་སྟོན་བྱེད་ནུས་མཐོ་རུ་གཏོང་བ་བཅས་ཀྱི་བརྗོད་དོན་བཞི་ལ་དམིགས་ཏེ་ཆེད་མཁས་པའི་ཟུར་ཁྲིད་དང་ཆེད་དོན་གྲོས་བསྡུར་བྱས་པ་དང་། སློབ་སྦྱོང་ལ་ཞུགས་པའི་མི་སྣའི་ཁྱབ་ཁོངས་སྐབས་གསར་པའི་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་དུ་རྒྱ་བསྐྱེད།
རིག་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་བརྟེན་ནས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་དང་། ཏང་གཤིས་གྲོས་བསྡུར་ཆེན་མོ། དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཆེད་དོན་གསུམ་གྱི་གཏན་འབེབས་ཡོངས་འགྲུབ་བྱས་པའི་རྨང་གཞིའི་སྟེང་དུ། དུས་རབས་གསར་པར་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་འཛིན་སྟངས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སོགས་ཆེད་དོན་གྲོས་བསྡུར་ཐེངས་བདུན་ལ་སྤེལ་ནས་སློབ་སྦྱོང་གི་ཁེབས་ཚད་དང་བསམ་བློའི་ཟབ་ཚད་སྔར་ལས་མཐོར་འདེགས་སུ་བཏང་།