ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་རྟོག་ཞིབ་ཀྱི་གྲུབ་འབྲས་བརྗེ་རེས་གྲོས་ཚོགས་ཟི་ལིང་དུ་བསྡུས།
བརྗོད་དོན་སློབ་གསོའི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་རྟོག་ཞིབ་ཀྱི་གྲུབ་འབྲས་བརྗེ་རེས་གྲོས་ཚོགས་ཟླ7པའི་ཚེས11ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་པོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་བྱིན་བྱས་ལ། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་དཔེ་གཞི་དང་དྲང་ལྡོག་དཔེ་མཚོན་ལ་ཟུང་འབྲེལ་བྱས་པ་དང་། རྟོག་ཞིབ་གྲུབ་འབྲས་བརྗེ་རེས་དང་བྱ་བའི་གྲུབ་འབྲས་ལ་དཔྱད་འཇོག བར་ཁྱད་དང་མི་འདང་སར་ལྟ་ཞིབ། བྱེད་ཐབས་ལ་ཞིབ་འཇུག་བཅས་བྱས་ནས། རྟོག་ཞིབ་གྲུབ་འབྲས་དེ་གནད་དོན་ཐག་གཅོད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་བར་སྐུལ་འདེད་བཏང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲེན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་དང་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་གཉིས་གྲོས་ཚོགས་ཞུགས་ནས་མཛུབ་སྟོན་བྱས་པ་དང་། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།
བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་གི་བརྟག་དཔྱད་ཞིབ་འཇུག་སྤེལ་བའི་སྐོར་གྱི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡང་བསྐྱར་སློབ་སྦྱོང་བྱེད་པ་དང་ཡང་བསྐྱར་རྒྱུས་ལོན་བྱེད་པ། ཡང་བསྐྱར་ཇེ་ཟབ་ཏུ་གཏོང་བའི་གོ་རིམ་དུ་བརྩིས་ནས། མགོ་ཁྲིད་དེ་ཡུལ་དངོས་སུ་སོང་ནས་གནས་ཚུལ་དངོས་ལ་ལྟ་ཞིབ་བྱས་པ་དང་གནད་དོན་བཙལ་བ། དཀའ་གནད་ཐག་བཅད་དེ། སྤུས་ཚད་མཐོ་བའི་རྟོག་ཞིབ་ཀྱི་གྲུབ་འབྲས་སྐོར་ཞིག་གྲུབ་པར་བྱས། ཚོགས་ཐོག་ཏུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཞན་པས་རྟོག་ཞིབ་སྙན་ཞུ་སྤྲད། ཚང་མས་གཏམ་བཤད་སྐབས། རང་སོ་སོའི་རྟོག་ཞིབ་བརྗོད་དོན་ལ་དམིགས་པ་དང་། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་དང་ཞིང་ཆེན་ཏང་ཨུས་གཏན་ཁེལ་བྱས་པའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱས་ནས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པ་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། མགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་སོགས་དྲང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དཔེ་གཞིའི་སྐུལ་སློང་བསླབ་བྱར་ཟུང་འབྲེལ་བྱས་ཏེ། གྲུབ་འབྲས་དང་མྱོང་ཚོར་གླེང་། ཚང་མས་མཐའ་གཅིག་ཏུ། བརྟག་དཔྱད་ཞིབ་འཇུག་དང་གྲུབ་འབྲས་བརྗེ་རེས་བྱས་པ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལངས་ཕྱོགས་བྱེད་ཐབས་ལ་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པ་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བསམ་གཞིགས་སྔར་ལས་ཟབ་མོ་བཏང་ལ། རྟོག་ཞིབ་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
བརྗེ་རེས་གཏམ་བཤད་སྤེལ་ཚར་རྗེས། ཁྲིན་ཁང་གིས་སྤྱི་སྡོམ་གཏམ་བཤད་བྱས། ཁོས་བསྟན་དོན། བརྗོད་དོན་སློབ་གསོའི་ཁྲོད་བརྟག་དཔྱད་ཞིབ་འཇུག་སྤེལ་བ་ནི། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པའི་གོ་སྐབས་བཟང་པོ་ཡིན་པ་མ་ཟད། ད་དུང་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་འགན་སྒྲུབ་ཁག་ཁུར་བཟང་པོ་བྱེད་པའི་གོ་སྐབས་བཟང་པོ་ཡང་ཡིན། ཐེངས་འདིའི་གཅིག་བསྡུས་རྟོག་ཞིབ་ཐད་ནས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་པ་དང་། བརྗོད་དོན་གནད་ལ་འཁེལ་བ་དང་དོན་དག་ཆུང་ས་ནས་གནས་ལུགས་ཆེན་པོ་རྟོགས་ཐུབ་ལ། བརྟན་བརླིང་གཏིང་ཟབ་དང་གྲུབ་འབྲས་མངོན་གསལ་ཡིན། མི་བྱེད་པ་བཞི་དང་ཐད་ཀར་གཉིས་སོགས་ཀྱི་རྣམ་པ་བརྒྱུད་དེ། ཉིན་རྒྱུན་གོམས་ལོབས་སུ་སོང་ཡོད་པ་དང་མཐོང་མི་ཐུབ་པའི་གནད་དོན་ཁ་ཤས་རྙེད་པ་དང་། གཞི་རིམ་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱུང་ལ། གནད་དོན་ལ་དངོས་སུ་ཞིབ་འཇུག་བྱས་པ་དང་གནད་དོན་དངོས་ལ་ཞིབ་འཇུག་བྱས། གོ་རིམ་རྗེས་མར། རྟོག་ཞིབ་ཀྱི་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པ་དམ་འཛིན་བྱེད་པ་དང་། གྲུབ་འབྲས་བྱ་བའི་དངོས་ཀྱི་ཁྲོད་ནས་མངོན་པར་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ཁྲེན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་བསམ་བློའི་སྟོབས་ཤུགས་ལ་གོ་བ་ལེན་པ་དང་། སེམས་གཏིང་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་པོར་བསྒྲུབ་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་སྟེང་ཤུགས་འདོན་དགོས། མར་ཁེ་སི་རིང་ལུགས་ཀྱི་འཇོན་ནུས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་པ་དང་། བཟོ་སྐྲུན་སྟོང་གི་ཀྲེ་ཅང་ཉམས་མྱོང་དང་མཐོ་ས་གསར་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལག་ལེན་གཉིས་ཟུང་འབྲེལ་བྱེད་པ། མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ལ་རྐང་བཙུགས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མཐོ་ཚད་གསར་པར་སླེབས་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་ནས། ཏན་ཏན་ཏིག་ཏིག་གིས་མཚོ་སྔོན་གྱི་་བྱ་བ་བཟང་པོར་བསྒྲུབ་དགོས། མངག་བཅོལ་ཡིད་ལ་འཛིན་པ་དང་ཁག་ཁུར་དངོས་གཉེར་ཁྲོད་གྲུབ་འབྲས་གསར་པ་བསྐྲུན་པ་དང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། མི་འདེམ་མི་བཀོལ་གྱི་ཁྲིད་ཕྱོགས་ཡང་དག་འཛུགས་པ། སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་བཟང་པོར་སྤེལ་ནས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་རྒྱ་བསྐྱེད་པ། བྱ་བ་ཇེ་བཟང་དུ་གཏོང་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཁོངས་མི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་ཐད་གཏོགས་ལས་ཁུངས་སོ་སོ་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།