ཟླ7པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་བསླབ་ནས་བློ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་པ་བརྗོད་དོན་དུ་བྱས་ནས་བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱེད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་གཅིག་བསྡུས་བྱེད་པ་བཅས་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། འགན་སྒྲུབ་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། འགན་སྒྲུབ་མཉམ་ཤུགས་གྲུབ་པར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་བའི་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གཞུང་ལུགས་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གསར་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་བཟང་པོར་བསྒྲུབ་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། ནང་གནས་གཏན་ཚིགས། རྩ་དོན་གལ་ཆེན་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་ཁོད་ཡངས་པའི་ལམ་ཆེན་སྟེང་མདུན་སྐྱོད་བྱས་ཏེ་སྙིང་སྟོབས་ཆེན་པོས་མཚོ་སྔོན་གྱི་དོན་དག་བཟང་པོར་བསྒྲུབ་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ལ་མཚོ་སྔོན་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རླབས་ཆེན་ཇུས་མགོད་བྱས་ལ། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སློབ་སྦྱོང་ནན་མོ་བྱས་ཏེ་རྒྱུས་ལོན་ཟབ་མོ་བྱེད་པ་དང་གོ་དོན་མཐིལ་རྟོགས། སྦྱངས་པ་གོ་ཆོད་པར་བྱེད་པ་བཅས་ཀྱི་སྟེང་ཤུགས་འདོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གལ་ཆེན་དག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ལྡན་སྒུལ་ཤུགས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་དངོས་གཉེར་བྱེད་ཐབས་སུ་བསྒྱུར་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པར་ཞུགས་ཚེ། ངེས་པར་དུ་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་དགོས་པ་དང་། སྲུང་སྐྱོང་དང་འཕེལ་རྒྱས་དང་། སྤུས་ཚད་དང་སྤྱི་འབོར། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། འཕེལ་རྒྱས་དང་བདེ་འཇགས། ཁུལ་གཅིག་དང་སྤྱི་ཡོངས། ནུས་ལྡན་ཁྲོམ་ར་དང་ནུས་ཡོད་སྲིད་གཞུང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ལ། སྣེ་ཁྲིད་པ་བཟང་པོ་བྱས་ཏེ་མཛེས་སྡུག་གི་འཆར་མགོད་དེ་གོམ་པ་རེ་རེ་བཞིན་དོན་དངོས་སུ་བསྒྱུར་དགོས། དཔེ་སྟོན་རང་བཞིན་གྱི་ཁྲིད་སྟོན་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་། ཚན་རིག་རང་བཞིན་གྱི་ཚུལ་སྒྱུར་བཅས་འབུར་དུ་ཐོན་པར་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐྱེ་ཁམས་རྩ་བ་བརྟན་པོར་འཛུགས་དགོས། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་སྦས་ཤུགས་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བ་དང་ཚན་རྩལ་གསར་གཏོད་དེ་འདྲེན་བྱེད་གལ་ཆེན་དུ་བརྩི་བ། བཅོས་སྒྱུར་སྒོ་འབྱེད་རྩ་བའི་སྒུལ་ཤུགས་སུ་བརྩི་བ། ཁུལ་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་དེ་འདེགས་སྐྱོར་གལ་ཆེན་དུ་བརྩི་བ། འཕེལ་རྒྱས་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ཚད་མཐའི་བླང་བྱ་རུ་བརྩིས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་འཐུས་ཚང་དུ་གཏོང་བ། གཞི་རྩའི་ཐུན་མོང་ཞབས་ཕྱི་དོ་མཉམ་ཅན་དུ་གཏོང་བ། ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བདེ་སྐྱིད་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྟོབས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དང་མཉམ་བསྲེས་འཕེལ་རྒྱས་ཟུང་འབྲེལ་བྱེད་པ། མི་རིགས་སོ་སོའི་བརྗེ་རེས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་དེ་སྟོབས་ལྡན་སྒུལ་ཤུགས་སུ་བྱས་ཏེ་ཆབ་སྲིད་གླེང་བ་དང་སྒྲིལ་སྲོལ་བརྩི་བ། སྤྱོད་ཚུལ་བསྒྱུར་བ། དངོས་སྒྲུབ་བཅས་བྱེད་དགོས་ལ། ལས་ལ་བརྩོན་པ་དང་ཁག་ཁུར་ཕོད་པ། སྒྲིག་ཁྲིམས་སྲུང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་མི་དམངས་ཡིད་ཚིམས་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། དག་གཙང་སྲིད་གཞུང་། ཞབས་ཕྱི་རྣམ་པའི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་པོ་བྱེད་པའི་ལག་བསྟར་མཁན་དང་འགུལ་སྐྱོད་མཁན། དངོས་སྒྲུབ་མཁན་བཅས་བྱེད་དགོས།
ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚེ་རིང་ཐར་དང་ལིའུ་ཐའོ། ལིའུ་ཁྲའོ། ཧི་ལུའུ་ཁྲུན། ཝང་ཧེ་ཧུང་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་འབྲེལ་ཡོད་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གསུམ་པའི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། མི་དམངས་ཚོགས་པ། སྲིད་གཞུང་སྡེ་ཁག་སོ་སོ་དང་ཐད་གཏོགས་ལས་ཁུངས། མངག་གཏོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག ཚན་རིག་ཞིབ་འཇུག་ཁང་། མཐོ་རིམ་སློབ་གླིང་། གསར་འགྱུར་སྡེ་ཁག དངུལ་རྩ་དང་དངུལ་འཛིན། ཉེན་ཚབས་སྡེ་ཁག
ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་སོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གོང་གི་བྱ་འགུལ་ལ་ཞུགས།