མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-07-13 16:49:24 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པའི་སྤྱིའི་བླང་བྱར་དམ་དུ་དམིགས་ནས་བསླབ་ནས་ལས་ལ་སྐུལ་བ་དང་། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུར་སྐུལ་འདེད་བཏང་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ཀྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་རྩིས་ལེན་བྱས།

ལོ་ལོན་གྱི་བདེ་ཐང་ཞབས་ཞུར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པའི་ཡན་གྱི་སྨན་བཅོས་སྡེ་ཁག་གིས་ལོ་ལོན་གྱི་བརྩེ་བའི་སྨན་བཅོས་ལས་ཁུངས་བཙུགས་པའི་ཚད་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་གཉིས་གཅིག་ལ་སླེབས་པ་དང་། ལོ་ལོན་གྱི་སྨན་བཅོས་ཁོར་ཡུག་སྔར་ལས་ཇེ་བཟང་དུ་བཏང་། ལོ་ལོན་གྱི་སྨན་བཅོས་སྡེ་ཁག་འཛུགས་པ་དང་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་བསྣན་པ་དང་ལོ་ལོན་དང་འབྲེལ་བའི་རིམས་ནད་གསོ་བཅོས་དང་ཞིབ་འཇུག མཐོ་སྒང་གི་ཁོར་ཡུག་ཁྲོད་ཀྱི་ལོ་ལོན་དང་འབྲེལ་བའི་རིམས་ནད་ཀྱི་དངོས་བཅོས་ཞིབ་འཇུག་སྤེལ་ནས་ལོ་ལོན་གྱི་སྨན་བཅོས་སྡེ་ཁག་འཛུགས་པར་སྨན་བཅོས་དཔུང་སྡེ་བཙུགས།

བུད་མེད་དང་བྱིས་པའི་སྤྱི་བའི་འཕྲོད་བསྟེན་ཞབས་ཕྱིའི་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ལོ་སྟོད་ལ་ཞིང་ཆེན་ཡོངས་སུ་རོང་འབྲོག་ཁུལ་གྱི་བུད་མེད་ལྔ་ཁྲི་ཆིག་སྟོང་བདུན་བརྒྱ་གྱ་གསུམ་ལ་ནུ་སྐྲན་སྐོར་གྱི་ཞིབ་བཤེར་བྱས་པ་དང་། ཕྲུ་གུ་བཙའ་བའི་སྔ་གཞུག་གི་བདེ་ཐང་ཐད་མི་ཉིས་ཁྲི་སུམ་སྟོང་བདུན་བརྒྱ་ཞེ་དྲུག་ལ་ཞིབ་བཤེར་བྱས་ཤིང་། བཙས་མ་ཐག་པའི་བྱིས་པ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་དོན་གཅིག་ལ་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་ཡོངས་སུ་ཟླ་དྲུག་ནས་ལོ་གཉིས་བར་གྱི་བྱིས་པ་བདུན་ཁྲི་ལྷག་ལ་མུ་མཐུད་དུ་གསོ་བཅུད་ཀྱི་སྨན་བྱིན།

ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ལོ་ལོན་དང་སྦྲུམ་མ། དབང་བོ་སྐྱོན་ཅན་སོགས་གཙོ་གནད་མི་ཚོགས་གཙོ་བྱས་པའི་སྐོར་གསར་པའི་གྲོས་མཐུན་འགོད་པ་དང་གྲོས་མཐུན་མུ་འགོད་བྱ་བ་གཅིག་བསྡུས་སྒོས་སྤེལ་ནས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ནད་ཅན་གྱི་མི་སྣར་བདེ་ཐང་དོ་དམ་བྱས།

འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་ལ་རོགས་འདེགས་དང་ཐུགས་ཁུར་བྱེད་པའི་བྱ་བར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་གྱི་འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་གི་སྐལ་བཟང་མེ་ཏོག་བརྩེ་བའི་བཟོ་སྐྲུན་ལས་གཞིའི་ཚོད་ལྟའི་བྱེད་ཐབས་དཔར་འགྲེམ་བྱས་ནས་ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་ཐོག་མའི་ཚོད་ལྟའི་ས་ཁུལ་དུ་གཏན་འཁེལ་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།