བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། མ་ལག་རྩད་ཞིབ། སྒོ་འབྱེད་གདན་ཞུ། འགུལ་རྣམ་དོ་དམ། དཀའ་གནད་འགག་གཏོར་བཅས་ཀྱི་བྱེད་ཐབས་ཆེན་མོ་བཞི་གཙོར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་ཞིབ་བཤེར་དག་ཐེར་བྱ་བ་ཡག་པོར་སྒྲུབ་ནས། བརྗོད་དོན་སློབ་གསོའི་ཞིབ་བཤེར་དག་ཐེར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་དང་། གྲུབ་འབྲས་ལོན་པར་ཁག་ཐེག་བྱས།
གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གིས་བཏོན་པའི་ཕྱོགས་དྲུག་ཐད་ཀྱི་འབུར་ཐོན་གནད་དོན་དང་ཞིང་ཆེན་ཏང་ཨུས་ནན་གྱིས་བསྟན་པའི་འབྲེལ་ཡོད་གནད་དོན་ལ་ཞིབ་སྡུར་བྱས་ཏེ། ན་གཞོན་གྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་མ་ལག་ལྡན་པར་གསེད་དཀྲོལ་དང་རྟོག་ཞིབ་བྱས་ལ། ཞིང་ཆེན་གུང་གཞོན་ཚོགས་པའི་འཐུས་མིའི་གྲོས་ཚོགས་ཐེངས་བཅོ་ལྔ་པ་དང་ཟུང་སྦྲེལ་བྱས་ཏེ་ཕྱོགས་ལྔའི་ཐད་ཀྱི་ཉེན་ཁ་གསེད་དཀྲོལ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། འབྲེལ་འདྲིས་ཞབས་ཞུའི་ན་གཞོན་སོགས་ཕྱོགས་དྲུག་ཐད་ཀྱི་གནད་དོན་རྩབ་ཞིབ་བྱས་ནས། དག་ཐེར་བྱེད་ཐབས་བཅུ་བཞི་ཞིབ་འཇུག་གཏན་འབེབས་བྱས། སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་སྟེང་ན་གཞོན་གྱི་བསམ་འཆར་བསྡུ་ལེན་སྒམ་བཙུགས་པ་དང་། ཆེད་བསྒྲིགས་ལེ་ཚན་བསྒྲུབས་པ་མ་ཟད། སྔ་གཞུག་ཏུ་རྩ་འཛུགས་སྒོས་བཞུགས་མོལ་གྲོས་ཚོགས་ཐེངས་བཅུ་གཉིས་བསྡུས་ཏེ། བསམ་འཆར་བསྡུ་ལེན་རེའུ་མིག་བརྒྱ་དང་སུམ་ཅུ་ལྷག་བཀྲམ་པ་དང་། རྒྱ་ཆེའི་ན་གཞོན་དང་ངོ་འཕྲད་བརྗེ་རེས་བྱེད་པ་སོགས་བྱས་ནས། ན་གཞོན་གྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ལ་རྒྱུས་ལོན་དང་། གུང་གཞོན་ཚོགས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་མི་འདང་ས་དང་ཉམ་ཞན་ས་ཡང་དག་པར་བཙལ་བ་དང་རྩད་གཅོད་གསལ་བོ་བྱས་ཏེ། དག་ཐེར་ནུས་ལྡན་བྱེད་པར་རྨང་གཞི་བཏིངས།
བརྗོད་དོན་སློབ་གསོའི་འཕེལ་རིམ་གནས་ཚུལ་དང་། ཏང་ཀྲི་པུའུ་དང་ཏང་འཛུགས་ཚོང་རྟགས་བསྐྲུན་པའི་གནས་ཚུལ། ན་གཞོན་གྱི་ཆེད་དུ་དོན་དངོས་སྒྲུབ་པའི་སྐུལ་སྤེལ་གནས་ཚུལ་བཅས་ལ་དམིགས་ཏེ། ཕན་ཚུན་ལྟ་ཞིབ་དང་། གནད་དོན་དག་ཐེར་གསལ་ཁྲའི་འགུལ་རྣམ་དོ་དམ་ལམ་ལུགས་བཙུགས་ནས། ལྟ་སྐུལ་མཛུབ་སྟོན་དང་། གནོན་ཤུགས་བརྒྱུད་སྤྲོད་བྱས། ཞིབ་བཤེར་དག་ཐེར་ཁྲོད་ན་གཞོན་གྱི་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱས་ཏེ་ཏང་འཛུགས་ཚོང་རྟགས་གྲུབ་པར་བྱས་པས། ལས་ཁུངས་ཏང་འཛུགས་དང་ལས་དོན་མཉམ་བསྲེས་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་། ནུས་པ་ཞན་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བཏོན་ནས། ལང་ཚོའི་འགྲན་ལམ་ཅེས་པའི་མུ་འབྲེལ་བྱ་འགུལ་སྤེལ་ཏེ། ལས་བྱེད་པས་ལས་དོན་འཆད་པ་དང་། མྱོང་ཚོར་གླེང་བ། ཉམས་མྱོང་བརྒྱུད་སྒྲོག་བྱེད་པར་སྐུལ་མ་བཏང་ནས། ལས་བྱེད་པའི་ལག་ལེན་སྦྱོང་བརྡར་ནུས་པ་མཐོ་རུ་བཏང་། བྱེད་ཕྱོགས་ནན་མོ་མིན་པའི་གནད་དོན་ཐག་གཅོད་པར་དམིགས་ནས། མགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་ཚབས་ཆེར་འགལ་བའི་གནད་དོན་གྱི་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་བཅོས་སྐྱོང་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། བྱེད་ཕྱོགས་འཛུགས་སྐྲུན་ཇེ་ཟབ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་ནས། ཆེད་དོན་བཅོས་སྐྱོང་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱས་ལ། མགོ་ཁྲིད་ཚང་མར་གཅིག་སྡུས་གླེང་མོལ་བྱས། གཞི་རིམ་གུང་གཞོན་ཚོགས་པའི་རྩ་འཛུགས་བཅོས་སྒྱུར་བྱ་བའི་ཇུས་གཞི་བཏོན་ནས། གཞི་རིམ་གྱི་ནུས་ཞན་ལྷོད་གཡེང་གི་གུང་གཞོན་ཚོགས་པའི་རྩ་འཛུགས་བཅོས་སྐྱོང་བྱས་ཏེ། དག་ཐེར་བཅོས་སྐྱོང་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་དང་ཟུང་སྦྲེལ་དམ་ཟབ་བྱེད་པར་ཁག་ཐེག་བྱས།