མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ལམ་ཟམ་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-07-11 16:13:24 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གཞུང་ལམ་དང་ཟམ་པ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུས་བསམ་བློའི་ངེས་ཤེས་དང་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་དེར་གོ་བ་ཟབ་མོ་བླངས་ཏེ། དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། དམིགས་འབེན་ལས་འགན་ལ་དམིགས་པ་དང་། སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བར་སྣེ་ཁྲིད་བྱས།

སྡེ་ཚོགས་དང་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཨུ་དང་ཀྲི་པུའུ་སོ་སོས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ལྟར། སློབ་སྦྱོང་གི་ནང་དོན་ལ་གཞིགས་ནས་དབྱེ་འབྱེད་ཚགས་དམ་བྱས་ཤིང་། ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་དང་། ཆེད་དོན་སློབ་སྦྱོང་འཛིན་གྲྭའི་འཆར་གཞིའི་ཁྲོད་བཞག་སྟེ་གོ་རིམ་ལྡན་པར་སྐུལ་འདེད་བཏང་། རྣམ་གྲངས་ལས་སྐྲུན་དུས་ཚིགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྐང་བཙུགས་ཏེ། ཏང་ཨུ་དང་རྣམ་གྲངས་པུའུ་ཏང་ཀྲི་པུའུ་ཡིས་མཉམ་འབྲེལ་བྱེད་པ་དང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས། གཞུང་ལུགས་སློབ་སྦྱོང་མཐའ་འཁྱོལ་ཡོང་བར་ཁག་ཐེག་བྱས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སོ་སོར་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་དང་། ཞོན ་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཧུང་ཀོང་སྡེ་བ། ཧོང་ཀྲུང་ཆུས་ཏ་ཚེ་ཧོས་རིགས་ཡུལ་ཚོ་ཆན་ཀུག་སྡེ་བ་སོགས་སུ་ཡུལ་དངོས་ཞིབ་འཇུག་བྱས་ནས། བརྗོད་དོན་ཏང་གི་ཉིན་མོའི་སློབ་གསོ་དང་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལས་དོན་ཟུང་སྦྲེལ་བྱས་པ་དང་། ནན་ཁྲོན་ནུབ་ལམ་ཧྥུའུ་ལུའུ་སྲང་ལམ་གྱི་གཞིས་ཁུལ་ལྷོ་མ་དང་མཉམ་འབྲེལ་གྱིས་དཔྱད་གླེང་དཔེ་ཀློག་མཉམ་སྤྱོད་དང་། ཁྱིམ་མིའི་སྡོད་ཁུལ་གྱི་འཕྲོད་བསྟེན་གཙང་སེལ་དང་བླངས་ཞབས་ཞུའི་བརྗོད་དོན་ཏང་གི་ཉིན་མོའི་སློབ་གསོའི་བྱ་འགུལ་སྤེལ།

ཏོ་ལ་ཟམ་ཆེན་དང་པོ་དང་། ལམ་གྱི་རྨང་གཞིའི་བཟོ་བསྐྲུན་སོགས་བྲེལ་འཚུབ་ཆེ་བའི་ལས་སྐྲུན་དུས་སྐབས་ལ་ཁ་གཏད་ནས། ཁོངས་གཏོགས་འཕྲུལ་ཆས་ཀུང་ཟི་ཏང་ཀྲི་པུའུ་ཡིས་བརྗོད་དོན་སློབ་གསོ་དེ་བསམ་བློའི་སྣེ་ཁྲིད་དུ་བྱས་ནས། ལས་སྐྲུན་ཐོན་སྐྱེད་ཁྲོད་ཀྱི་གནད་དོན་དང་། སྡུད་གཏོར་དཀའ་གནད་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། གསལ་ཁྲ་ཅན་གྱི་དོ་དམ་ལག་བསྟར་བྱས་པ་དང་། འགན་ཁུར་མི་སྣ་དང་ལེགས་འགྲུབ་དུས་བཀག་གསལ་བོར་བཏོན་ནས། རྣམ་གྲངས་ཀྱི་བདེ་འཇགས་སྤུས་ཚད་བྱ་བའི་འཁོར་སྐྱོད་ལ་ཚོད་འཛིན་བྱས་པ་དང་། ལས་སྐྲུན་ཐོན་སྐྱེད་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་།  ལས་སྐྲུན་འཕེལ་རིམ་ལ་ཁག་ཐེག་ཡོད་པའི་སྔོན་འགྲོའི་འོག རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི2023ལོའི་ཟླ་བཞི་པའི་ངལ་རྩོལ་འགྲན་སྡུར་ཁྲོད་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་བླངས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།