ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་སེམས་ཤུགས་གཅིག་སྒྲིལ་དང་བློ་སྦྱོང་བྱེད་པ་རྒྱུན་འཁྱོངས་དང་། རིག་གནས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། ཕྱི་ཕྱོགས་བརྒྱུད་སྒྲོག་དང་རིག་གནས་བརྗེ་རེས་ཀྱི་ནུས་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པར་བཤད་པས། དག་སྲུང་གསར་གཏོད་བྱེད་པའི་ཁྲོད་དུ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་།
གླུ་གར་བརྩམས་ཆོས《221ལང་ཚོའི་རལ་གྲི》ཞེས་པ་དེ་ཞིང་ཆེན་ཕྱི་ནང་དུ་ཐེངས་བདུན་ལ་འཁྲབ་སྟོན་བྱས་པ་དང་། ལྟད་མོ་བ་ཁྲི་ལས་བརྒལ། གླུ་གར་དེར་ཀྲུང་གོ་གླུ་གར་དུས་ཆེན་སྐབས་ལྔ་པའི་ཕུལ་བྱུང་གླུ་གར་ལེ་ཚན་གྱི་བྱ་དགའ་ཐོབ་པ་མ་ཟད། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་ཁྲོད་དུ་ཚུད་པ་དང་། ཀྲུང་གོ་གླུ་གར་དུས་ཆེན་སྐབས་སུ་འཁྲབ་སྟོན་བྱེད་དུས་སྤྱིའི་བལྟ་ཐེངས་མི་གྲངས་ས་ཡ་བརྒྱད་དང་འབུམ་བཞི་ཁྲི་གཅིག་སྟོང་གསུམ་བཞི་བརྒྱ་ལྷག་ལ་སླེབས། སྒྲ་སྙན་རི་གླུའི་ཟློས་གར《མཛེས་སྡུག་ཡིད་འོང་གི་རྨ་ཙོང》ཞེས་པ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཕྱོགས་བསྡུས་འཕྲིན་ལམ་གྱི2023ལོའི་ལོ་སར་ཟློས་གར་དགོང་ཚོགས་ལ་ཞུགས། རྩལ་རྩེད་ལེ་ཚན《མེ་ཏོག་རྣམ་པར་བཞད་པའི་ལོ་དེ》ཞེས་པ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་རྩལ་རྩེད་འགྲེམ་སྟོན་ལ་ཞུགས་ནས་ཕུལ་བྱུང་ལེ་ཚན་དུ་བདམས། བྱིས་པའི་ཟློས་གར《མེ་ཏོག་གངས་ལྷ་བཞད》ཅེས་པ་སྐབས་དགུ་པའི་རྒྱལ་ཡོངས་བྱིས་པའི་ལེ་ཚན་འཁྲབ་སྟོན་བྱ་འགུལ་ཁྲོད་བདམས་ཐོན་བྱུང་། 《རིགས་སོ་སོའི་བུ་དང་བུ་མོའི་སེམས་པ་ཏང་ལ་ཕྱོགས》ཞེས་པ་སོགས་ཀྱི་མང་ཚོགས་ཀྱིས་བལྟ་འདོད་ཡོད་པའི་ལེ་ཚན་མང་པོ་སྒྲིག་སྦྱོར་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ལ་རིག་གནས་ཀྱི་གསོལ་སྟོན་བཤམས།
གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྙན་རིས་འགྲེམ་སྟོན་ལས་རང་ཞིང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མི་སྣའི་བཟོ་སྐྲུན་ཟིན་ཐོ་ཁག་བདུན་ཅུ་འགྲེམ་སྟོན་བྱས། རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུ་ནོར་ཉིན་མོ་དང་ཉོ་ཚོང་དུས་ཆེན་སྐབས་སུ་མཚོ་སྔོན་གྱི་འཚེམ་དྲུབ་སྲུང་སྐྱོབ་རྒྱུན་འཛིན་དང་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ། མཚོ་སྔོན་འཚེམ་དྲུབ་ཀྱི་མཚན་སྙན་ཇེ་མཐོར་བཏང་། ཟློས་གར་དང་གླུ་གཞས་སྒྱུ་རྩལ་རིགས་ཀྱི་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་ཏེ། ཐོན་རྫས་འགྲེམ་སྟོན་ཕྱིར་འཚོང་དང་། རྒྱུན་འཛིན་མི་སྣའི་ཡུལ་དངོས་འགྲེམ་སྟོན། རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱ་འགུལ་སོགས་ཀྱི་འཛད་སྤྱོད་བྱེད་ཐབས་ཉམས་སུ་མྱངས།
ཕྱི་རུ་བསྐྱོད་པ་དང་ནང་ལ་འདྲེན་པ་རྒྱུན་འཁྱོངས་ཀྱིས་ཕྱི་ཕྱོགས་ཁྱབ་སྒྲོག་དང་རིག་གནས་བརྗེ་རེས་ནུས་ཚད་ཇེ་ཆེར་བཏང་། ཞང་ཀང་དང་། ཨོ་མིན་ནས་མཛེས་པའི་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་ཞེས་པའི་དྲིལ་སྒྲོག་བྱ་འགུལ་སྤེལ། འབྲི་ཆུ་ཟུར་གསུམ་གླིང་དང་ཀྲུའུ་ཅང་གཙང་བོ་ཟུར་གསུམ་གླིང་སོགས་ཡུལ་སྐོར་ཐོན་ཁུངས་གཙོ་བོ་རུ་ཆེད་དོན་མཚམས་སྦྱོར་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཅང་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་མ་ཟད། ཅང་སུའུ་ཞིང་ཆེན་དུ་མཛེས་པའི་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་ཞེས་པའི་མུ་འབྲེལ་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཤུགས་རྐྱེན་ཇེ་ཟབ་དང་མཚན་སྙན་རྒྱས་པར་བྱས།