བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པ་དེ་གནད་དོན་གསར་པར་ཞིབ་འཇུག་དང་དཀའ་གནད་ཐག་བཅད་དེ་གུང་གཞོན་ཚོགས་པའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ཏེ་དམ་འཛིན་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཏན་འཁེལ་བྱས་པའི་ཕྱོགས་བཅུ་གཉིས་ཀྱི་བརྟག་དཔྱད་ཞིབ་འཇུག་ནང་དོན་ལ་དམིགས་ཏེ་གཙོ་གནད་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དེ་བདེ་འཇགས་འཛུགས་སྐྲུན་ཐད་ཀྱི་གཅིག་ཅན་བཅུ་དང་ཏང་འཛུགས་ཐད་ཀྱི་གཅིག་ཅན་དྲུག་སོགས་བྱ་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་སོགས་དང་ཟུང་འབྲེལ་བྱེད་པ་དང་། གཞོན་ནུ་ལོ་ཆུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ་སོགས་འགོ་རྩོམ་སར་བྱེད་པ། གྱོད་གཞི་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་དང་གནད་དོན་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་མཉམ་བསྲེས་ཀྱི་རྣམ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཉམས་མྱོང་སྤྱི་སྡོམ་དང་དཀའ་གནད་དང་འགག་གནད་ཐག་གཅོད་བཟང་བོ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་།
བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པ་རུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་དང་། འཚམས་འདྲི་ཆེན་མོ་དང་བརྟག་ཞིབ་ཆེན་མོ། ཞིབ་བཤེར་ཆེན་མོ། མཁྲེགས་གཏོར་ཆེན་མོ་བཅས་ཀྱི་བྱ་འགུལ་ཇུས་གཞི་སོགས་གཏན་འབེབས་བྱས་ཏེ་ཟབ་མོ་དང་དངོས་གཉེར། ཞིབ་མོ། གནད་འཁེལ། ཕན་འབྲས་སོགས་ཀྱི་ཐད་ཤུགས་བཏོན་ནས་མ་ལག་ལྡན་པའི་སྒོ་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་པར་སྐུལ་འདེད་བཏང་།
གསར་གཏོད་ལ་དམིགས་ཏེ་འཚོལ་བ་བཅུ་ལ་རྐང་བཙུགས་ནས་བརྟག་དཔྱད་ཞིབ་འཇུག་ཐེངས་བརྒྱད་སྤེལ་བ་དང་། བརྟག་དཔྱད་ཞིབ་འཇུག་དང་གུང་གཞོན་ཚོགས་པའི་བྱ་བར་སྐུལ་འདེད་གཏོང་བ་དང་བྱ་འགུལ་སྤེལ་བ་བཅས་ཟུང་འབྲེལ་བྱེད་པ་སོགས་བྱས་ཏེ་གནད་དོན་བདུན་ཅུ་ལྷག་ལེགས་སྒྲིག་བྱས་པ་དང་། ན་གཞོན་ལས་ཞུགས་དང་དཀའ་ཁག་ཡོད་པའི་སློབ་མས་རོགས་དངུལ་རེ་ཞུ་བྱེད་པ། ཀྲི་པུའུ་ཏང་འཛུགས་ཚོང་རྟགས་བསྐྲུན་པ་སོགས་ཐད་ཀྱི་གནད་དོན་ཉེར་བདུན་ཡུལ་དངོས་ནས་ཐག་བཅད།