མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཚན་རྩལ་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-07-07 15:20:05 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་ཆེད། ཟླ6པའི་ཚེས25ཉིན། ཞིང་ཆེན་ཚན་རྩལ་ཐིང་གིས་བརྗོད་དོན་སློབ་གསོའི་དམངས་ཀྱི་འབོད་པར་ཉན། མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པ་བརྗོད་དོན་ཡིན་པའི་ལག་ལེན་བྱ་འགུལ་སྤེལ་བ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་གླིང་ཁུལ་དང་། ཚན་རིག་ཞིབ་འཇུག་བྱེད་ཡུལ། ཉིང་རྡུལ་མཁར་སོགས་སུ་སོང་ནས་དམར་པོའི་སློབ་གསོའི་རྟེན་གཞི་རུ་ཚན་རྩལ་ཞབས་ཕྱི་སྒྲུབ་ནས། རང་འགུལ་བྱེད་ཕྱོགས་ཀྱིས་ཏང་གཤིས་བསྐྱེད་ཅེས་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ཏེ། རང་འགུལ་གྱིས་གླིང་ཁུལ་དང་། ཚན་རིག་ཞིབ་འཇུག་མི་སྣར་སྲིད་ཇུས་འདྲི་རྟོགས་སོགས་ཀྱི་ཚན་རྩལ་ཞབས་ཕྱི་འདོན་སྤྲོད་བྱས།

ཞིང་ཆེན་ཚན་རྩལ་ཐིང་གིས་ཚན་རྩལ་ཆེད་མངག་པས་གྲོང་གསེབ་དར་སྤེལ་བྱ་བར་རོགས་འདེགས་བྱེད་པ་ཧུར་ཐག་གིས་སྒྲུབ་སྟེ། མཚོ་སྔོན་སློབ་ཆེན་དང་དཔེ་སྟོན་གླིང་ཁུལ་གྱིས་མཉམ་དུ་བཙུགས་པའི་གྲང་ངར་ཆེ་སའི་རྩྭ་སར་སྒོ་ཕྱུགས་འཚམ་པའི་དོ་དམ་ལག་རྩལ་ཞིབ་འཇུག་གསར་སྤེལ་སྟེགས་བུ་དང་། མཚོ་སྔོན་ཞིང་ཆེན་གྲང་ངར་ཆེ་སར་འཚམ་པའི་དོ་དམ་ཚོད་ལྟ་ཁང་གཙོ་བོར་བཅར་འདྲི་དང་རྟོག་ཞིབ་བྱས། མཚོ་བྱང་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་འཛུགས་སྐྲུན་གནས་ཚུལ་ལ་དཔྱད་ཞིབ་བྱས་ཏེ། འཇོན་མི་གཞི་རིམ་དུ་བསྐྱོད་པ་དང་ཚན་རྩལ་གཞི་རིམ་དུ་དར་བ། ཞིང་གསུམ་ཞབས་ཕྱི་བཅས་ལ་སྐུལ་འདེད་བཏང་ལ། ཚན་རྩལ་གྲུབ་འབྲས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པར་སྟོབས་ལྡན་ནུས་ཡོད་ཀྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱས། རྟོག་ཞིབ་མང་པོ་བྱས་པ་བརྒྱུད། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་ཀྱི་གསར་སྤེལ་ཐོན་ཁུངས་དང་ཚན་རིག་ཞིབ་འཇུག་སྟོབས་ཤུགས་གཅིག་སྡུད་ཀྱིས། ཚན་རྩལ་མི་སྣ་སྟོང་གཅིག་བདམས་ནས་ཚན་རྩལ་ཆེད་མངག་པ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་གཅིག་ཏུ་ཚན་རྩལ་ཆེད་མངག་པའི་ལས་སྒྲུབ་ས་ཚིགས་བརྒྱ་དང་བཞི་འཛུགས་སྐྲུན་བྱས། དུས་མཉམ་དུ་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་མངག་པའི་ཆེད་དོན་མ་དངུལ་སྒོར་བྱེ་བ་གཉིས་བཀོད་སྒྲིག་བྱས་ཏེ། ཆེད་མངག་པའི་ཆེད་དོན་རྣམ་གྲངས་དོན་བདུན་ལག་བསྟར་བྱས་པ་དང་། ཚན་རྩལ་ཆེད་མངག་པའི་ཞབས་ཕྱིའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་། ཚན་རྩལ་ཆེད་མངག་པས་ཚན་རྩལ་ཆེད་མངག་པའི་ལས་སྒྲུབ་ས་ཚིགས་ལ་རྒྱབ་རྟེན་ནས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བཀོད་སྤྱོད་དང་ཐོན་ལས་ཅན། རིགས་སྣ་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་བྱེད་པ་སོགས་དཔེ་སྟོན་ཁྱབ་སྤེལ་བྱ་བ་བསྒྲུབས་པས། གཙོ་གཞིའི་བདག་གཉེར་གསོ་སྐྱོང་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ཏེ། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དར་སྤེལ་ཐད་རོགས་ཤུགས་བཏོན།

དེ་དང་མཉམ་དུ། རང་ཞིང་གི་དམར་པོའི་སློབ་གསོ་རྟེན་གཞིའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་བསྐྱར་དྲན་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་བྱེད་ཕྱོགས་བཟང་པོ་རྒྱུན་འཛིན་དར་སྤེལ་བཏང་ནས། རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་ཇེ་བརྟན་དང་། ཞིང་ཆེན་ཚན་རྩལ་ཐིན་གྱི་རྒྱ་ཆེའི་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མཐོ་རུ་བཏང་སྟེ། ཏང་གི་གཅིག་སྡུས་ནུས་པ་དང་འཐབ་རྩོད་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་བ་མ་ཟད། ཏང་གི་གདོང་ལེན་བཙན་རྫོང་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།