མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

​ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-07-07 15:20:05 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་བརྗོད་དོན་སློབ་གསོ་དང་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྐུལ་འདེད་གསུམ་ལ་བསྟེན་ནས་དམངས་འཚོ་ལ་ཕན་པ་དང་། དམངས་སེམས་བདེ་བར་བྱེད་པ། དམངས་ཀྱི་འདོད་བློ་དང་བསྟུན་པའི་བྱ་བ་མང་ཚོགས་ཀྱི་སེམས་སུ་ཐིམ་པར་བྱས་པས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་ནན་མོ་བཏང་།

ཁྱིམ་ཚང་སྨན་པའི་ཆིངས་ཡིག་ཞབས་ཕྱིའི་ལམ་ལུགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ལོན་རྒན་པ་དང་། སྦྲུམ་མ། དབང་བོ་སྐྱོན་ཅན། དབུལ་ཕོངས་མང་ཚོགས། འཆར་ལྡན་བུ་སྐྱེའི་དམིགས་བསལ་མི་སྣ་སོགས་གཙོ་གནད་མི་ཚོགས་གཅིག་བསྡུས་ཀྱིས་ཆིངས་ཡིག་གསར་པ་འཇོག་པ་དང་ཆིངས་ཡིག་མུ་མཐུད་དུ་འཇོག་པའི་བྱ་བ་སྤེལ་བ་དང་། དུས་མཉམ་དུ་གཅིག་སྡུས་དྲིལ་སྒྲོག་དང་ཆིངས་ཡིག་ཞབས་ཕྱི་བསྒྲུབས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཞབས་ཕྱིའི་ཚད་ལྡན་བླང་བྱ་ལྟར། ཁྲད་ཤད་མཐོ་བའི་ནད་དང་། གཅིན་སྙི་ཟ་ཁུའི་ནད། གློ་གཅོང་གི་ནད་ཡོད་པའི་དབུལ་ཐར་མི་ཚོགས་ལ་བདེ་ཐང་དོ་དམ་བྱ་བ་སྤེལ་བ་དང་། ཞབས་ཕྱི་བྱེད་ཡུལ་གྱི་དང་ལེན་ནུས་པ་དང་བསྟུན་ནས་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་ཁྱིམ་ཚང་སྨན་པའི་དཔུང་ཁག་ཉིས་སྟོང་བརྒྱ་དང་བཞེ་དགུ་བསྐྲུན་ཡོད་ལ། དབུལ་ཐར་མི་འབོར་དང་། གཙོ་གནད་མི་ཚོགས་ཀྱིས་ཆིངས་ཡིག་བཞག་ཚད་བརྒྱ་ཆའི་གོ་གཉིས་དང་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་བརྒྱད་བརྒྱད་ལ་སླེབས།

རྒྱལ་དམངས་འཚོ་བཅུད་ལག་བསྟར་འཆར་གཞི་དང་ལུགས་མཐུན་བཟའ་བཏུང་ཆེན་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་། དམངས་ཡོངས་ཀྱི་འཚོ་བཅུད་གཟའ་འཁོར་དང་། ལྔ་པའི་ཚེས་ཉི་ཤུའི་ཀྲུང་གོའི་སློབ་མའི་འཚོ་བཅུད་ཉིན་མོ་སོགས་ཀྱི་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཚོ་བཅུད་བྱ་བ་སྒྲུབ་མཁན་གྱི་གསོ་སྦྱོང་འཛིན་གྲྭ་དང་། འཚོ་བཅུད་ཤེས་བྱ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་བ་བརྒྱུད། འཚོ་བཅུད་བདེ་ཐང་ཤེས་བྱ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། འཚོ་བཅུད་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་བཏང་། ཕྱོགས་སོ་སོ་ནས་འཚོ་བཅུད་བདེ་ཐང་ཤེས་བྱ་ཁྱབ་གདལ་བཏང་ནས། ལུགས་མཐུན་བཟའ་བཏུང་འགུལ་སྐྱོད་དངོས་འབེབས་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཚན་རིག་ལུགས་མཐུན་གྱི་བཟའ་བཏུང་གོམས་གཤིས་ཆགས་པར་རོགས་རམ་བྱས།

ས་གནས་ནད་ཡམས་སྔོན་མགོག་ཤེས་བྱ་དྲིལ་སྒྲོག་བྱེད་པར་སྐུལ་འདེད་བཏང་། གྲོང་གསེབ་དུ་བསྐྱོད་པ་དང་། བྱི་ནད་མགོག་སྡོམ་དྲིལ་སྒྲོག་ཟླ། ས་གནས་ནད་མགོག་བཅོས་དྲིལ་སྒྲོག་ཟླ་སོགས་གོ་སྐབས་སུ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་།འབྲེལ་ཡོད་སྡེ་ཁག་སོ་སོ་རྩ་འཛུགས་བྱས་ནས། ཁྱབ་སྒྲོག་ཐབས་ལམ་སྣ་མང་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་བྱི་ནད་མགོག་སྡོམ་སྲོལ་ཡིག་གཙོར་བཟུང་ནས་ས་གནས་ནད་མགོག་བཅོས་ཤེས་བྱ་དང་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ། སྡོམ་རྩིས་བྱས་ན་འཆད་ཁྲིད་ཐེངས་བརྒྱ་དང་ཉི་ཤུ་དང་། གཅིག་སྡུས་དྲིལ་སྒྲོག་ཐེངས་ཉིས་བརྒྱ་དང་དྲུག་ཅུ། དྲིལ་སྒྲོག་དངོས་རྫས་རིགས་སྣ་འབུམ་ལྔ་ལྷག་བྱིན་པ་དང་། མང་ཚོགས་ས་ཡ་གཅིག་ལྷག་ལ་ཕན་པ་བསྐྲུན་ནས། སྤྱི་བའི་ནད་མགོག་འདུ་ཤེས་དང་། བདེ་ཐང་ཐོན་སྐྱེད་ཀྱི་འཚོ་བ་བསྐྲུན་པའི་ཐབས་ལམ་མུ་མཐུད་མཐོ་རུ་བཏང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།