ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་རྒྱུ་རྩ་བའི་གཞི་འཛིན་སར་བྱས་ཏེ་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་ཉར་རྫས་སྲུང་སྐྱོབ་དོ་དམ་དང་ཞིབ་འཇུག་བྱེད་ནུས་མཐོར་འདེགས་གཏོང་བ། དངོས་མང་བཤམས་སྟོན་ཁང་གི་སྤྱི་བའི་རིག་གནས་ཞབས་ཞུའི་བྱེད་ནུས་སོགས་མཐོར་འདེགས་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྣ་མང་ཅན་གྱི་རིག་གནས་ཐོན་རྫས་འདོན་སྤྲོད་བྱས་པ་དང་རིག་གནས་ཀྱི་སྟོབས་ཤུགས་ཀྱིས་སེམས་ཤུགས་གཅིག་བསྡུས་བྱས།
ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ཀྲུང་ཧྭའི་དཔལ་ཡོན་ཕྱིར་བགྲོད་བཟོ་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ་རྒྱལ་ཁབ་ཕྱི་ནང་གི་དངོས་མང་བཤམས་སྟོན་སྡེ་ཁག་གི་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་སྟེགས་བུར་བརྟེན་ནས་གཙང་བོའི་འབྱུང་ཡུལ་གྱི་དཔལ་ཡོན་དང་ཁུ་ནུ་རིག་གནས། ཙོང་ཆུའི་རིག་གནས་སོགས་མཚོ་སྔོན་གྱི་ཁྱད་ཆོས་ཡོད་པའི་རྨ་ཆུའི་རིག་གནས་ཐོན་ཁུངས་དགེ་མཚན་མངོན་པར་བྱེད་པ་དང་། དོན་དངོས་ལ་རྐང་བཙུགས་ཏེ་ཐོན་ཁུངས་གཅིག་བསྡུས་དང་བཀོད་སྒྲིག་ལུགས་མཐུན། སྒྲིག་གཞི་ལེགས་སྒྱུར་སོགས་ཀྱི་དངོས་མང་བཤམས་སྟོན་ལས་དོན་འཕེལ་རྒྱས་ཀྱི་རྣམ་པར་གསར་པ་གྲུབ་པར་བྱས་ནས་རབ་མཛེས་མཚོ་སྔོན་འགྲེམ་སྟོན་བཟང་བོ་བྱེད་རྒྱུ་རེད། དེ་དང་མཉམ་དུ། དངོས་མང་བཤམས་སྟོན་ཁང་གི་བསྡུ་ཉར་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གཏན་འབེབས་བྱས་ཏེ། མཚོ་སྔོན་གྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་འབྲེལ་ཡོད་རིག་དངོས་འཚོལ་ཞིབ་དང་ལེགས་སྒྲིག་ལ་ཤུགས་སྣོན་པ་དང་། ཞིབ་འཇུག་རྣམ་པའི་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཁུ་ནུའི་རིག་གནས་དང་ཙོང་ཆུའི་རིག་གནས། རེབ་གོང་རིག་གནས། ཁམས་པའི་རིག་གནས། གེ་སར་རིག་གནས་བཅས་ཀྱི་ཞིབ་འཇུག་ཤུགས་ཚད་ཆེ་རུ་གཏོང་རྒྱུ་རེད།