ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་རིག་དངོས་ཅུའུ་ཡིས་དུས་ཆེན་སྐབས་སུ་རིག་དངོས་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་དེ་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བ་དང་བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱེད་པ། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་གཞི་ལག་ལེན་དུ་བསྟར་བ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བཤད་པའི་བྱེད་ཐབས་སུ་བརྩིས་ནས་དྲིལ་སྒྲོག་བརྒྱུད་ལམ་སྣ་མང་བེད་སྤྱོད་བྱས་ཏེ་གླེང་ཕྱོགས་རྣམ་པ་བཟང་པོ་སྐྲུན་པ་དང་། རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས་དང་ས་གཞི་ཆེན་པོའི་སྟེང་གི་ཤུལ་བཞག་རིག་དངོས། གནའ་བོའི་གླེགས་བམ་དུ་མཚར་བའི་ཡིག་འབྲུའི་ཚོགས་ལ་གསོན་ཤུགས་འཛོམས་པར་སྐུལ་འདེད་གང་ལེགས་བཏང་།
མང་ཚོགས་ཀྱི་རྟེན་མཛོད་ཁང་གི་རྒྱུས་ལོན་དང་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་མང་ཚོགས་དང་རྟེན་མཛོད་ཁང་བར་མཉམ་འགུལ་གྱི་འབྲེལ་ཟམ་འཛུགས་ཆེད། ཞིང་ཆེན་རིག་དངོས་ཅུའུ་ཡིས་འཆར་གཞི་ཆེན་པོ་སྒྲུབ་པའི་ཡོས་ལོའི་ལོ་རྟགས་རིག་དངོས་ཀྱི་པར་རིས་འགྲེམ་སྟོན་དང་དྲ་ལམ་གྱི་བརྗོད་དོན་སློབ་གསོ། ལྔ་བའི་བཅོ་བརྒྱད་ཀྱི་བརྗོད་དོན་རང་བཞིན་གྱི་ཁྱབ་བརྡ་སོགས་བྱེད་སྒོ་སྤེལ། རང་རེའི་ཞིང་ཆེན་གྱི་དུས་རབས་གསར་པའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད། རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་དྲིལ་སྒྲོག་དང་འགྲེམ་སྤེལ་བྱེད་ཆེད། སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་འདུ་ཤེས་མཐོར་འདེགས་གཏོང་བ་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྐྲུན། ཐད་གཏོང་གི་རྣམ་པས་མཚོ་སྔོན་རིག་དངོས་ཀྱི་གནའ་དེང་གི་རྗེས་ཤུལ་དམར་པོ་ཞེས་པ་དང་གནའ་བོའི་ཤུལ་བཞག་སྡེ་ཚན། གནའ་བོའི་འཛུགས་སྐྲུན་སྡེ་ཚན་སོགས་ཐད་གཏོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཚོ་སྔོན་རིག་དངོས་ཀྱི་གཏམ་རྒྱུད་བརྗོད་པ་དང་མཚོ་སྔོན་གྱི་རིག་དངོས་སྲུང་སྐྱོང་བྱ་བར་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ་རྒྱ་ཆེའི་མང་ཚོགས་རིག་དངོས་སྲུང་སྐྱོང་ཀྱི་བྱ་བའི་ཁྲོད་ཟབ་ཞུགས་བྱེད་པར་འབོད་སྐད་བཏང་།
ཆེས་སྙིང་དུ་སྡུག་པའི་རིག་དངོས་སྲུང་སྐྱོང་མཁན་འཚོལ་བའི་བྱེད་སྒོ་སྤེལ་ནས་རང་རེའི་ཞིང་ཆེན་གྱི་ཆེས་སྙིང་དུ་སྡུག་པའི་རིག་དངོས་སྲུང་སྐྱོང་མཁན་ངོ་སྤྲོད་དང་དྲིལ་སྒྲོག་བྱས་པ་དང་། རིག་དངོས་སྲུང་སྐྱོང་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ལས་བརྩོན་ལས་བཀུར་བྱེད་པར་སྣེ་ཁྲིད་བྱས་པ་དང་སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱ་བར་དོ་སྣང་དང་རྒྱབ་སྐྱོར་ཐོབ་པར་བྱས། རིག་དངོས་ལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པ་དང་རིག་གནས་རང་རྟོན་རང་བརྩོན་བརྗོད་དོན་དུ་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་། རིག་དངོས་སྤྱི་ཕན་ངོས་ལེན་དང་རིག་གནས་གསར་གཏོད་ཐོན་རྫས་འགྲེམ་སྟོན་བྱེད་པ། རིག་དངོས་སྲིད་ཇུས་འདྲི་རྟོགས་སོགས་དམངས་ཕན་བྱེད་སྒོ་སྤེལ། ཞིང་ཆེན་ནང་ཁུལ་གྱི་རིག་གནས་དངོས་མང་བཤམས་སྟོན་གྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། གྲོང་ཁྱེར་སྡོད་དམངས་ཀྱིས་ཉར་ཚགས་བྱས་པའི་རིག་དངོས་ལ་སྤྱི་ཕན་ངོས་ལེན་འདྲི་རྟོགས་བྱས་ནས་མི་དམངས་མང་ཚོགས་ཀྱིས་རིག་དངོས་ཉར་ཚགས་བྱེད་པ་དང་མྱོང་རོལ་ཀྱི་དགོས་མཁོ་བསྐངས་ནས་སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་ཀྱི་འདུ་ཤེས་སྔར་ལས་མཐོར་འདེགས་བཏང་པ་དང་། སྤྱི་ཚོགས་ཡོངས་སུ་རིག་དངོས་ཉར་ཚགས་ཀྱི་འདུ་ཤེས་ཆགས་པར་སྣེ་ཁྲིད་བྱས། དེ་དང་མཉམ་དུ་ཞིང་ཆེན་རྟེན་མཛོད་ཁང་གིས་དུས་ཚོད་ཀྱི་རིམ་པ་བཀར་ནས་རིན་མེད་ཀྱི་དང་བླངས་འགྲེལ་བཤད་ཞབས་ཞུ་བསྒྲུབས་པ་དང་ན་གཞོན་གྱི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་སྤེལ་ནས་རིག་གནས་སྣ་མང་ཁྲོད་ཀྱི་མཚོ་སྔོན་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚར་སྡུག་མྱུལ་ནས་མཚོ་སྔོན་ལ་ལྟ་བ་ཞེས་པའི་དྲ་ལམ་གྱི་བརྗོད་དོན་ཐད་གཏོང་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་མཚོ་སྔོན་གྱི་འཕེལ་རྒྱས་དང་མཉམ་འདྲེས་ཀྱི་སྣ་མང་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་ཐད་འགྲེལ་ཀློག་བྱས་པ་དང་། འདི་ལ་བརྟེན་ནས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ། རིག་གནས་ཤེས་ཞེན་ཇེ་དྲག་ཏུ་གཏོང་བ་དང་རིག་གནས་ཡིད་རྟོན་ཇེ་བརྟན་དུ་བཏང་།