ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་དག་ཐེར་གནད་དོན་གྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲོབ་གསེབ་བཅོས་སྐྱོང་བྱ་བའི་ཐད་གནས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་ཆེད། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་རྒྱལ་ཁབ་ཀྱི2022ལོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་དཔྱད་ཞིབ་དཔྱད་འཇོག་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་ཇུས་གཞི་ལྟར། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་གྲོང་གསེབ་དར་སྤེལ་དང་ཁྲིམས་སྐྱོང་ཟུང་འབྲེལ་བྱེད་པའི་བྱ་འགུལ་གྱི་ཇུས་གཞི་འགྲེམ་སྤེལ་བྱས།
ཇུས་གཞིའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། གྲོང་གསེབ་བཅོས་སྐྱོང་བྱ་བའི་ཐད་གནས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། ཏང་ཨུས་འགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་ཁུར་བ། སྤྱི་ཚོགས་ཀྱིས་མཉམ་རོགས་བྱེད་པ། མི་ཡོངས་ཟབ་ཞུགས་བྱེད་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་དེང་རབས་གྲོང་གསེབ་ཀྱི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། མཉམ་འཛུགས་མཉམ་བཅོས་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་འཛུགས་པའི་སྤྱིའི་རེ་བ་ལྟར། གྲོང་གསེབ་མང་ཚོགས་ཀྱི་གཞི་རྩའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་ལ་འགན་སྲུང་བྱེད་པ་གཙོ་གནད་དུ་བྱས་ནས། འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཐོན་ཁུངས་ལེགས་བསྡུས་བྱེད་པ། བྱ་བའི་རྣམ་པ་གསར་གཏོད་བྱེད་པ། དམངས་བདེ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཁྲིམས་ལྟར་བཅོས་སྐྱོང་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཇུས་གཞིའི་ནང་ནན་གྱིས་བསྟན་དོན། གྲོང་གསེབ་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ་བརྒྱུད་དེ། དཀའ་ཁག་མང་ཚོགས་ཀྱིས་སྤུས་ལེགས་བཅའ་ཁྲིམས་རོགས་སྐྱོར་ལོངས་སྤྱོད་བྱེད་པར་འགན་སྲུང་བྱེད་པ། བཅའ་ཁྲིམས་ཞབས་ཞུ་སྣ་མང་ཅན་དང་ཆེད་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས། གྲོང་གསེབ་དར་སྤེལ་དང་ཁྲིམས་སྐྱོང་ཟུང་འབྲེལ་གྱི་བྱ་འགུལ་བརྟན་བརླིང་དང་རྒྱུན་མཐུད་ངང་སྤེལ་དགོས། ཁྲིམས་འཛིན་སྲིད་འཛིན་འགན་ནུས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་ད་ང། བཅའ་ཁྲིམས་ཞབས་ཞུ་དང་ཁྲིམས་སྐྱོང་འགན་སྲུང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་རོགས་འདེགས་བྱེད་པ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་ཚོགས་པ་དང་ཁ་པར། དྲ་རྒྱའི་སྟེགས་བུ་གྲོང་གསེབ་ཡོངས་སུ་ཁེབས་པར་བྱེད་པ། གཅིག་གཉིས་གསུམ་བཞི་བརྒྱད་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་ཁ་པར་དང་ཞབས་ཞུའི་མགྲོན་སྣེ་གཞི་རིམ་དུ་རྒྱུན་བསྲིང་བ། སྡེ་བ་དང་གཞིས་ཁུལ་གྱི་བཅའ་ཁྲིམས་བློ་འདྲིའི་ནུས་པ་འདོན་སྤེལ་བྱེད་པ། གྲོང་གསེབ་མང་ཚོགས་ཀྱིས་བཅའ་ཁྲིམས་བློ་འདྲི་དང་མི་དམངས་བར་འདུམ། བཅའ་ཁྲིམས་རོགས་སྐྱོར་སོགས་གཞི་རྩའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱེད་པ། གྲོབ་གསེབ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མངོན་གསལ་སྒོར་ཇེ་མཐོར་བཏང་སྟེ། སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་གྲོང་གསེབ་ས་ཁུལ་གྱི་ཡིད་ཚིམ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།