མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཁྲལ་དོན་ཅུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-06-26 08:58:28 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཁྲལ་དོན་ཅུའུ་ཡིས་ན་གཞོན་ལས་བྱེད་པའི་ལས་སྒོའི་བྱང་ཚད་ལ་ཤུགས་བསྣན་པ་དང་། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་དྲག་ཏུ་བཏང་ལ། གཞི་རིམ་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་མཐོར་གཏོང་བ་དམིགས་འབེན་དུ་བྱས་ཏེ། ན་གཞོན་ཁྲལ་དོན་ལས་བྱེད་པ་བཅུ་རྩ་འཛུགས་བྱས་ནས་ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་གཞི་རིམ་ཁྲལ་དོན་སྡེ་ཁག་གི་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་བཅུ་གསུམ་ལ་སོང་ནས། གཅིག་ཅན་བཞི་ལྟར་གནས་སྡོད་རྟོག་ཞིབ་སྤེལ་བ་དང་། རྟོག་ཞིབ་སྐབས་སུ་ཉམས་མྱོང་བསྡུ་ལེན་བྱས་པ་དང་། ལག་བསྟར་ཁྲོད་གྲུབ་འབྲས་ལ་ཞིབ་དཔྱད་བྱས།

སྐོར་ཁག་དང་པོའི་ན་གཞོན་ལས་བྱེད་པ་གཞི་རིམ་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དུ་སོང་ནས། ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་གྱིས་ཁྲལ་སྒྲུབ་གོ་རིམ་ཁྲོད་འཕྲད་པའི་ཆ་འཕྲིན་མ་ལག་ལག་བསྟར་དང་ལས་སྒོ་བསྒྲུབ་པ། ཆ་འཕྲིན་སྐོང་བ་སོགས་ཀྱི་ཕྱོགས་སུ་གནས་པའི་རིགས་མི་འདྲ་བའི་དཔྱ་ཁྲལ་དང་འབྲེལ་བའི་གནད་དོན་ཐག་བཅད་ལ། དེ་དང་མཉམ་དུ་གཞི་རིམ་ལས་བྱེད་པས་བྱང་ཆ་ལྡན་པའི་སྒོ་ནས་འཁོར་སྐྱོད་སྲུང་སྐྱོབ་སྟེགས་བུ་བཀོལ་སྤྱོད་བྱེད་པར་རོགས་རམ་བྱས། གློག་རྡུལ་ཁྲལ་དོན་ཅུའུ་མྱོང་རོལ་ཁུལ་དང་རང་འདེམ་སྒྲིག་ཆས་ཁུལ། གནད་དོན་དཀའ་མོའི་ཐག་གཅོད་སྒེའུ་ཁུང་སོགས་ལ་སོང་ནས། གནད་ལ་འཁེལ་བའི་ཁྲལ་འཇལ་ཟུར་ཁྲིད་བྱས་པ་དང་། གོ་རིམ་ཧྲིལ་བོར་ཁྲལ་འཇལ་མཁན་གྱི་བློ་འདྲི་བྱེད་པ་དང་ཆ་འཕྲིན་ཁ་སྐོང་སོགས་རིགས་མི་འདྲ་བའི་དཔྱ་ཁྲལ་དང་འབྲེལ་བའི་ལས་སྒོའི་བྱ་བ་སྒྲུབ་རོགས་བྱས་ནས། སྲིད་ཇུས་ལག་བསྟར་བྱེད་ཚད་དང་ཟུར་ཁྲིད་ཀྱི་ཁ་གཏད་རང་བཞིན་ཇེ་མཐོར་བཏང་། གཞི་རིམ་གྱིས་ཡར་ཞུ་བྱས་པའི་ཐུན་མོང་རང་བཞིན་དང་རང་གཤིས་རང་བཞིན་གྱི་གནད་དོན་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་། བྱ་བའི་རྩིས་ཐོའི་ཁྲོད་བཞག་ནས་དོ་དམ་བྱས། འཚམས་འདྲི་དང་སློབ་སྦྱོང་དང་རོགས་སྐྱོར་བཞུགས་མོལ་བྱས་པ་བརྒྱུད་དེ། གཞི་རིམ་ལས་བྱེད་པ་དང་མཉམ་དུ་གྲོས་སྡུར་བྱས་པ་དང་། དཀའ་གནད་ཐག་གཅོད་ནན་མོ་བྱས་ནས། ཁྱབ་གདལ་གཏང་ཆོག་པ་དང་ཡང་བསྐྱར་བཀོལ་ཆོག་པའི་ཁྲལ་བསྡུ་སྐབས་ཀྱི་འགན་སྲུང་ཉམས་མྱོང་དང་བྱེད་ཐབས་གྲུབ་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྐོར་དང་པོའི་ན་གཞོན་ལས་བྱེད་པས་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་ཁྲལ་དོན་སྡེ་ཁག་བར་གྱི་བརྗེ་རེས་ཀྱི་གེགས་རྐྱེན་མེད་པར་བཟོ་བ་དང་། ལས་སྒོའི་འཁོར་སྐྱོད་སྲུང་སྐྱོབ་ལམ་བུ་གེགས་མེད་བྱེད་པའི་གོ་རིམ་ཁྲོད། ཁྱད་ཆོས་དང་ཉམས་མྱོང་བྱེད་ཐབས་བཅུ་བསྡུ་རུབ་བྱས་པ་དང་། ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་དང་འབྲེལ་འདྲིས་བྱས་པ་བརྒྱུད་དེ། ན་གཞོན་ལས་བྱེད་པས་ལས་རྐང་མི་འདྲ་བའི་སྟེང་རྩལ་ནུས་སྣ་མང་སྦྱོང་ཐུབ་པར་བྱས་པ་དང་། ན་གཞོན་ལས་བྱེད་པའི་གཞུང་ལུགས་བྱང་ཚད་དང་ཏང་གཤིས་བློ་སྦྱོང་། ནུས་པའི་བྱང་ཚད་ཇེ་མཐོར་བཏང་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།